དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

    ཉེ་ཆར། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཨར་སྐྲུན་བྱེད་བཞིན་པའི་ལས་ཡུལ་དུ་བསྐྱོད་དེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

    དེའི་རིང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཨར་སྐྲུན་བྱེད་བཞིན་པའི་ལས་ཡུལ་8དུ་བསྐྱོད་དེ་འཕྲལ་དུ་ཞིབ་བཤེར་བྱས་པ་དང་གཙོ་བོ་སྐྲུན་བཞིན་པའི་ལས་ཡུལ་གྱི་བདེ་འཇགས་ཐོན་སྐྱེད་དང་། ཡ་རབས་ངང་ཨར་ལས། འཛེར་སྒྲ་དང་སྦགས་བཙོག་སོགས་ལ་ཁྲིམས་སྒྱུར་ཞིབ་བཤེར་དང་དེ་བཞིན་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱས་ནས་ཨར་ལས་བྱེད་མཁན་ཕྱོགས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གིས་ཨར་ལས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད། ཞིབ་བཤེར་བྱེད་རིང་། ལས་ཡུལ་གྱི་ཨར་ལས་མི་སྣ་རེ་རེར་ཐོ་འགོད་ཞིབ་བསྡུར་གྱིས་བདེ་འཇགས་ལམ་ལུགས་དོན་འཁྱོལ་དང་། གཙོ་གནད་ཁུལ་གྱི་གློག་མིག མི་སྣའི་ལས་རེས་སོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་རེད། ཉེན་ཁ་ཆེ་ལ་འབར་གས་སླ་བའི་དངོས་པོ་བདེ་འཇགས་ངང་སྤྱོད་པ་དང་། “འགོག་གསུམ”བྱེད་ཐབས་དོན་འཁྱོལ། བདེ་འཇགས་ངང་མེ་དང་གློག་སྤྱོད་པ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་དང་ཤེས་རྟོགས་བྱུང་བའི་མངོན་མེད་རྐྱེན་ངན་གྱི་གནད་དོན་ལ་དུས་ཐོག་ཏུ་དག་ཐེར་བྱེད་དགོས་པའི་བསམ་འཆར་བཏོན་ཏེ་འགན་འཁུར་བར་དུས་བཀག་ཏུ་དག་ཐེར་བྱེད་དུ་བཅུག་ཡོད། དུས་མཚུངས་སུ། ཨར་ལས་ཚན་པ་ཁག་གི་འགན་འཁུར་བས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པ་དང་ཨར་ལས་མི་སྣར་བདེ་འཇགས་སློབ་གསོ་རྒྱག་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ་སྒྲིག་འགལ་གྱི་ཨར་ལས་མཐའ་གཅིག་ཏུ་གཏན་འགོག་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་མི་ཐོན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།