དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་ཚན་ཐེངས་བཞི་པ་ཟུར་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

    འདི་ནི་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་ཚན་ཐེངས་བཞི་པ་ཟུར་ཁྲིད་བྱེད་ཡུལ་ཡིན་པ།

    ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་ཚན་ཐེངས་བཞི་པ་ཟུར་ཁྲིད་བྱས་པ་རེད།

    སློབ་ཚན་རིང་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་གཞོན་པ་ཀའོ་པིན་གྱིས“རང་ངོས་གསར་བརྗེ་དང་། འཐབ་རྩོད་བྱེད་ཕོད་པ། བློ་བརྟན་འགྱུར་མེད་ངང་འགྱུར་མེད་ཀྱི་སྒྲིག་ལམ་ལ་བརྟེན་ནས་དཔུང་ཁག་ཧྲག་པོ་སྐྱོང་དགོས”ཞེས་པ་ཁ་བྱང་དུ་བྱས་ནས“སྒྲིག་ལམ་བརྩི་བའི་དོན་སྙིང་གལ་ཆེན་གསལ་རྟོགས”དང་། “སྒྲིག་ལམ་ལ་བརྩི་སྲུང་ཞུ་བའི་ཐད་འཕྲད་པའི་དངོས་ཡོད་ཀྱི་གནད་དོན”“སྒྲིག་ལམ་ལ་བརྩི་སྲུང་ཞུ་བའི་མིག་དཔེ་ཇི་ལྟར་བྱེད་དགོས”བཅས་ཕྱོགས་གསུམ་ནས་རིགས་པའི་གཞུང་ལུགས་དང་དཔེ་མཚོན་ཟུང་འབྲེལ་གྱིས་རྒྱས་བཤད་གཏིང་ཟབ་བྱས་ཤིང་། ཁོང་གིས། དུས་རབས་གསར་པའི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་གཙོ་ཤུགས་དམག་གི་རྒྱལ་ཁབ་རུ་ཁག་ཡིན་པའི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱའི་དགོངས་དོན་ལག་བསྟར་ཏན་ཏིག་བྱ་རྒྱུ་དེ་ཆབ་སྲིད་ཀྱི་དད་སེམས་དང་རིན་ཐང་དོན་གཉེར་དུ་བྱས་ཏེ། སྒྲིག་ལམ་གྱི་གཏན་འབེབས་སེམས་ལ་དམ་པོར་འཆང་བ་དང་ཐོག་མཐའ་བར་གསུམ་དུ་ལག་ཏུ་དམ་འཛིན་བྱས་ནས། སྒྲིག་ལམ་ནན་པོ་དང་བཀའ་རྒྱ་ནན་སྒྲུབ་ཀྱི་དཔུང་ཁག་ཡག་པོ་ཞིག་ཧུར་ཐག་གཏོད་དགོས་ཞེས་བརྗོད་པ་རེད།

    སློབ་ཚན་གྲོལ་རྗེས་བཀོད་འཐབ་པ་ཡོངས་ཀྱིས། སྒྲིག་ལམ་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་སྟེ་རང་འགུལ་ངང་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་ཀྱི་ལས་འགན་ཕྲག་ཏུ་འཁུར་རྒྱུ་དང་། བྱ་སྤྱོད་ངོ་མ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་དར་ཆ་གནང་བ་དང་འབྲེལ་བསླབ་བྱ་ཡང་གནང་ནས་ལོ་ལྔ་འཁོར་བར་བསུ་བ་ཞུ་ཡི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ཀྱིས་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།