དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་གྲོང་ཨུད་སྐོར་ཞིབ་ལས་དོན་གཞུང་ལས་ཁང་གིས“ཚོགས་ཆུང་དང་གཞུང་ལས་ཁང་གི་གྲོས་མོལ”ཏན་ཏིག་བྱས་ནས་སྐོར་ཞིབ་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ནུས་ལྡན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

    སྐོར་ཞིབ་སྙན་ཞུའི་སྤུས་ཚད་སྔར་བས་མཐོ་རུ་བཏང་ནས་སྐོར་ཞིབ་བྱས་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱ་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཨུད་སྐོར་ཞིབ་ལས་དོན་གཞུང་ལས་ཁང་དང་སྐབས་གཉིས་པའི་གྲོང་ཨུད་ཀྱི་རེས་སྐོར་ལྔ་པའི་སྐོར་ཞིབ་ཚོགས་ཆུང་6གིས“ཚོགས་ཆུང་དང་གཞུང་ལས་ཁང་གི་གྲོས་མོལ”བྱས་ནས་སྐོར་ཞིབ་ལས་དོན་གཞུང་ལས་ཁང་གིས་སྲིད་ཇུས་ལ་རྒྱུས་མངའ་ལོན་པ་དང་སྐོར་ཞིབ་ཚོགས་ཆུང་གིས་འཐབ་ཕྱོགས་དང་པོའི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པའི་ཕྱོགས་གཉིས་པོའི་ལེགས་ཆ་འདོན་སྤེལ་བྱས་ཏེ། སྐོར་ཞིབ་སྙན་ཞུ་14རེ་རེ་བཞིན་ལ་བརྟག་དཔྱད་དང“འགག་སྒྲོལ”མཉམ་འབྲེལ་གྱིས་དམངས་སེམས་གཅིག་ཏུ་སྒྲིལ་བ་དང་། དམངས་ཤུགས་གཅིག་ཏུ་བསྡུ་བ། བློ་གྲོས་གཅིག་ཏུ་བསྡུ་བ་བཅས་བྱས་ཐོག་གནད་དོན་གནད་སྨིན་ངང་ཤེས་རྟོགས་དང་། གནད་དོན་གནད་སྨིན་ངང་གཏན་འཁེལ་། གནད་དོན་གནད་སྨིན་ངང་སྙན་སེང་ཞུ་བ་བཅས་ལ་འགན་ལེན་བྱས་ནས། ནུས་ཤུགས་ཡོད་རྒུས་སྐོར་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་ཡོད།

    ཚོགས་འདུ་མ་འཚོགས་གོང་ཞིབ་བཤེར་ཞིབ་ཚགས་བྱས་ཤིང་། སྐོར་ཞིབ་ལས་དོན་ཚོགས་ཆུང་ཁག་གི་སྒྲིག་འཛུགས་ལས་དོན་ཨུ་ལྷན་གྱིས་ཞིབ་འཇུག་གྲོས་བསྡུར་བྱས་རྗེས་ཆགས་པའི་སྐོར་ཞིབ་སྙན་ཞུ་རིགས་དབྱེ་ལེགས་སྒྲིག་བྱས་ནས“ཚོགས་ཆུང་དང་གཞུང་ལས་ཁང་གི་གྲོས་མོལ”གྱི་གོ་རིམ་ལྟར་ཚོགས་ཞུགས་མི་སྣར་སྔ་སྣུར་དུ་སྤྲད་དེ་གྲུབ་ཆའི་སྒྲོམ་གཞི་ཚགས་དམ་མིན་དང་། ནང་དོན་གྱི་གཏན་ཚིགས་ཞིབ་ཚགས་མིན། སྤྱི་ཡོངས་ཀྱི་གདེང་འཇོག་ལེགས་མིན། འགན་ནུས་འགན་འཁྲི་གཅིག་སྡུད་བྱས་མིན། བསམ་འཆར་དང་གྲོས་འགོ་ལུགས་དང་མཐུན་མིན་སོགས་ལ་དམིགས་ནས་ཞིབ་བཤེར་བྱས་ཏེ“གྲོས་མོལ”ལ་གྲ་སྒྲིག་གང་ལེགས་བྱས་པ་རེད།

    ཚོགས་འདུའི་ཐོག་དབྱེ་ཞིབ་ནན་ཏན་བྱས་ཤིང་། དེ་སྔའི“ཞིབ་བསྡུར”བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས“ཚོགས་ཆུང་དང་གཞུང་ལས་ཁང་གི་གྲོས་མོལ”གྱི་བརྗོད་དོན་གཙོ་བོར་དམིགས་ནས་ཚོགས་ཞུགས་མི་སྣས་དུས་འགོར་ཞིབ་བཤེར་ཞིབ་ཚགས་བྱས་པའི་རྨང་གཞིའི་ཐོག་ཆབ་སྲིད་ཀྱི་སྐོར་ཞིབ་གནས་བབ་བརྟན་སྲུང་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གནད་དོན་ལྷག་རིགས་ལ་གཙོ་གནད་ཐོག་དོགས་གནད་བཏོན་པ་དང་། བདེན་མིན་དང་། གནད་ལ་འཁེལ་མིན། གཏིང་ཟབ་མིན་བཅས་དང་དེ་བཞིན་ངོ་བོ་གཏན་འཁེལ་དང་། ངེས་གནས་གཏན་འཁེལ། འགན་འཁྲི་གཏན་འཁེལ་བཅས་གནད་ལ་འཁེལ་མིན་སོགས་ཀྱི་ཐད་གྲོས་བསྡུར་གཏིང་ཟབ་བྱས་ནས་ཐག་གཅོད་བྱ་ཐབས་ཞིབ་འཇུག་བྱས་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་གནད་དོན་གོང་ཞུ་དང་། ལྟ་བར་ཞུན་བརྡར། བརྡར་ཤ་གཅོད་པ་བཅས་བྱས་ནས་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས། དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ལྡན་ལ། “རྩ་འཛུགས་གཞུང་ལས་ཁང་གི་གྲོས་མོལ”གྱི་དུས་ཡུན་ཡང་ཐུང་དུ་ཕྱིན་པ་དང་། “ཚོགས་ཆུང་དང་གཞུང་ལས་ཁང་གི་གྲོས་མོལ”གྱི་ཕན་འབྲས་ཀྱང་ཆེ་རུ་ཕྱིན་ཡོད།

    ཚོགས་འདུ་གྲོལ་རྗེས་ལེགས་འགྱུར་འཐུས་ཚང་དུ་བཏང་ཞིང་། “ཚོགས་ཆུང་དང་གཞུང་ལས་ཁང་གི་གྲོས་མོལ”ནང་བཏོན་པའི་བསམ་འཆར་དང་གྲོས་འགོ་དང་ཟུང་འབྲེལ་བྱས་ཏེ་སྐོར་ཞིབ་ཚོགས་ཆུང་ཁག་གིས་གནད་དོན་གྱི་མ་ཡིག་སོགས་ར་སྤྲོད་དཔྱད་ཡིག་ལ་བསྐྱར་དུ་ཞིབ་བསྡུར་དང་བསྐྱར་དུ་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ་སྐོར་ཞིབ་སྙན་ཞུའི་ནང་གི་འབྲེལ་ཡོད་བརྗོད་པ་ལེགས་སྒྲིག་དང་བཟོ་བཅོས་བརྒྱབ་སྟེ་གནས་ཚུལ་གསལ་པོ་དང་། ཁྱད་ཆོས་གནད་འཁེལ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ནས་སྤུས་ཚད་མཐོན་པོའི“བརྟག་དཔྱད་སྙན་ཞུ”ཞིག་འདོན་རྒྱུའི་བརྩོན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་ནུས་དང་འགན་འཁྲིར་དམིགས་ཏེ་སྐོར་ཞིབ་སྙན་ཞུ་ལེགས་སྒྲིག་དང་། བསྐྱར་དུ་གདམ་གསེས། འཐུས་སྒོ་ཚང་དུ་གཏོང་སྐྱོར་བཅས་བྱས་ནས་སྐོར་ཞིབ་སྙན་ཞུའི་གཟབ་ནན་རང་བཞིན་དང་གནད་སྨིན་རང་བཞིན་སྔར་བས་ཆེ་རུ་བཏང་སྟེ་སྐོར་ཞིབ་བྱ་ཡུལ་ཚན་པའི“ཆབ་སྲིད་ཀྱི་པར་རིས”སྔར་བས་བདེན་པ་དང་གོང་ཞུ་བྱས་པའི་གནད་དོན་དེ་བས་ཕྱོགས་ཡོངས་དང་གནད་སྨིན་ཡོང་བར་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།