དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་སྣ་དཀར་རྩེ་གྲོང་རྡལ་མངགས་གཏོང་ཁང་གིས་གངས་རིར་ལུས་པའི་ཡུལ་སྐོར་བ་མཚན་དེ་རང་ལ་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་སྣ་དཀར་རྩེ་གྲོང་རྡལ་མངགས་གཏོང་ཁང་ལ་110བཀོད་འདོམས་ལྟེ་གནས་ནས་ཡུལ་སྐོར་བ་ཞིག་ཕྱྭ་གཡང་མཚོ་རུ་ལུས་འདུག་པས་རོགས་སྐྱོབ་བྱེད་དགོས་པའི་བཀའ་འབྱོར།

    བཀའ་འབྱོར་རྗེས་སྣ་དཀར་རྩེ་གྲོང་རྡལ་མངགས་གཏོང་ཁང་གིས་འཕྲལ་མར་འབྲེལ་ཡོད་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་འཚོལ་སྐྱོབ་ལས་དོན་སྤེལ་བ་རེད། གནས་ཚུལ་ཐོན་སར་འབྱོར་སྐབས་ས་རུབ་པས་རོགས་སྐྱོབ་མི་དམངས་ཉེན་རྟོག་པས་ཉེན་གྱར་མི་སྣ་དང་འབྲེལ་གཏུག་བྱེད་ཐུབ་མེད། འོན་ཀྱང་མི་དམངས་ཉེན་རྟོག་པས་སེམས་ཤུགས་མ་ཆག་པར་མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣས་བརྗོད་པའི་ལམ་ཐིག་གཞིར་བཟུང་རེ་རེ་བཞིན་གྲལ་བཤེར་བྱས་པ་རེད། ཆུ་ཚོད་གཉིས་ལྷག་ཙམ་རིང་འཚོལ་སྐྱོབ་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པར་སྤྱང་གསལ་ལ་མོའི་རི་སྐེད་ནས་ཉེན་གྱར་ཡུལ་སྐོར་བ་རྙེད་པ་དང་འབྲེལ་བདེ་བླག་ངང་རི་གཤམ་དུ་ཁྲིད་ནས་ངལ་གསོ་བྱ་ཡུལ་དུ་བསྐྱལ་བ་རེད།

    མང་ཚོགས་ཀྱི་ཁེ་ཕན་དང་ཐུག་པའི་དོན་དག་ལ་སྣང་ཆུང་བྱེད་མི་ཉན། མང་ཚོགས་ཀྱི་རེ་འབོད་ལ་ཉེན་རྟོག་པས་བརྡ་ལན་ཧུར་ཐག་བསློགས་ཤིང་། སྣ་དཀར་རྩེ་གྲོང་རྡལ་མངགས་གཏོང་ཁང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་ཏེ། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བཟང་སྒྲུབ་པ་བཅས་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།