དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་མཐོ་གསར་ཁུལ་གྱིས་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས“སྣེའུ་ཁྲོམ་ར་ལྟ་འདོམས”སྤྱོད་འགོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

    ལས་ཕྱོད་དང་ལྟ་འདོམས་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་མང་ཚོགས་དང་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཁྲོམ་རའི་བྱེད་པོར་ཞབས་འདེགས་དེ་བས་ཡག་པ་ཞུ་ཆེད། ལྷ་སའི་མཐོ་གསར་ཁུལ་གྱི་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྣེ་ཁྲིད་དེ་སྒྲིག་འཛུགས་གསར་སྤེལ་བྱས་པའི་བྱ་རིམ་ཆུང་གྲས“སྣེའུ་ཁྲོམ་ར་ལྟ་འདོམས”ཉིན་ཤས་གོང་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱ་རིམ་ཆུང་གྲས“སྣེའུ་ཁྲོམ་ར་ལྟ་འདོམས”ནི་ཁེ་ལས་དང་མི་སྒེར་གྱི་ལས་དོན་སྒྲུབ་དཀའ་བའི་གནད་དོན་ལ་དམིགས་ནས་གསར་སྤེལ་བྱས་པ་ཞིག་ཡིན་ཞིང་། དེ་བཀོལ་སྤྱོད་སྟབས་བདེ་ལ་ཁ་གསལ་བ་དང་། རིགས་དབྱེ་ཁ་གསལ་བ། ཁྲོམ་རའི་བྱེད་པོས་ལྟ་བཤེར་བྱེད་བདེ་བ། དེའི་བབ་བསྟུན་ལྟ་འདོམས་ནུས་པས་ཁྲོམ་རའི་བྱེད་པོར་འཕྲལ་མ་ཉིད་དུ་ལས་རིགས་ཀྱི་ཆ་འཕྲིན་དང་གནས་ཚུལ་ཤེས་པར་སྟབས་བདེ་བསྐྲུན་ཡོད་པ་རེད། དེ་དང་ཆབས་ཅིག་ཁྲོམ་ར་དང་སྲིད་གཞུང་དབར་བར་ཐག་མེད་པའི་འབྲེལ་གཏུག་ཐུབ་པ་བྱས་ནས་བྱ་རིམ་ཆུང་གྲས་ཀྱི་ནུས་པའི་ཁུལ་དུ་དཔྱད་བརྗོད་དང་བློ་འདྲིའི་ནང་དོན་བཀོད་སྒྲིག་བྱས་ཏེ་ཚང་མར་བྱ་རིམ་བེད་སྤྱོད་དང་། ལས་སྒྲུབ་ཞབས་ཞུ། བསམ་འཆར་དང་གྲོས་འགོ་འདོན་པ་སོགས་ལ་སྟབས་བདེ་བསྐྲུན་ཡོད་པ་རེད།

    གོམ་སྟབས་རྗེས་མར་མཐོ་གསར་ཁུལ་གྱི་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྣམ་པ་སྣ་ཚོགས་དང་ཐབས་ལམ་བརྒྱུད་དྲིལ་བསྒྲགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་ཁྲོམ་རའི་བྱེད་པོས་བྱ་རིམ་ཆུང་གྲས“སྣེའུ་ཁྲོམ་རའི་ལྟ་འདོམས”བརྒྱུད་ལས་སྒོ་གཉེར་བའི་བརྒྱུད་རིམ་དང་དེ་བཞིན་ལས་དོན་སྒྲུབ་པའི་དཔྱད་ཡིག་གསལ་ཐོ་ཤེས་རྟོགས་བྱས་ནས་ལྟ་འདོམས་ཀྱི་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བར་ལྕག་སྐུལ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།