དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • “སྒོར་ཁྲི་བརྒྱའི་སྨན་བཅོས་འགན་བཅོལ”གྱི་གཡོ་ཐབས་གསར་པར་དོགས་ཟོན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

    ཛ་དྲག་གི་དྲན་སྐུལ།

    སྐད་འཕྲིན་ལ“སྒོར་ཁྲི་བརྒྱའི་སྨན་བཅོས་འགན་བཅོལ”ཞེས་པའི་བྱེད་ནུས་ཤིག་ཡོད་པ་ཁྱེད་ཀྱིས་ཤེས་སམ། བྱེད་ནུས་འདི་ནི་རིན་པ་གང་ཡང་སྤྲོད་མི་དགོས་པར་ཐད་ཀར་སྤྱོད་ཆོག་པ་ཞིག་རེད། འོན་ཀྱང་། ཁྱོད་ལ“སྒོར་ཁྲི་བརྒྱའི་སྨན་བཅོས་འགན་བཅོལ”གྱི་ལས་སྒོའི་དུས་བཅད་འཐིམས་འདུག་པས། རིན་པ་སྤྲད་ནས་མུ་མཐུད་འགན་བཅོལ་ལ་ཞུགས་པའམ་ཡང་ན་ལས་སྒོ་སྒོ་རྒྱག་དགོས་ལུགས་བརྗོད་མཁན་གྱི་ཁ་པར་དང་འཕྲིན་ཐུང་འབྱོར་སྐབས་ངེས་པར་དུ་དོ་སྣང་བྱེད་དགོས། ཉེ་ཆར། ས་གནས་མང་པོ་ཞིག་ནས་ཁྲིམས་འགལ་བས“སྒོར་ཁྲི་བརྒྱའི་སྨན་བཅོས་འགན་བཅོལ”སོཌ་ཀྱི་སྨན་བཅོས་འགན་བཅོལ་ལ་ཁ་གཡར་ནས། འགན་བཅོལ་ཀུང་སིའི་ལས་མི་ཡིན་ཁུལ་གྱིས་ཁ་བསླུས་བརྒྱབ་ཡོད། གཞིས་རྩེ་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་རྒྱ་ཆེའི་གྲོང་མི་དང་མང་ཚོགས་ལ་དོགས་ཟོན་ཆེར་སྐྱེད་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    སྒོར་ཁྲི་12.9ལྷག་ཙམ་ཁ་བསླུས་ཤོར་བ།

    “ཁམས་བཟང་། ཁྱེད་རང་XXཡིན་ནམ། ང་ནིXXའགན་བཅོལ་ཀུང་སིའི་ལས་དོན་པ་ཡིན། ཁྱོད་ཀྱི‘སྒོར་ཁྲི་བརྒྱའི་སྨན་བཅོས་འགན་བཅོལ’གྱི་ལོ་གཅིག་རིན་པ་སྤྲོད་མི་དགོས་པའི་ཚོད་ལྟའི་དུས་བཅད་འཐིམས་འདུག་པས། མུ་མཐུད་བེད་སྤྱོད་བྱེད་དགོས་ན་ཟླ་རེར་སྒོར་1288འཐེན་གྱི་རེད། གལ་ཏེ་ལས་སྒོ་དེ་མི་དགོས་ན་ལས་སྒོའི་སྒོ་རྒྱག་རོགས”ཞེས་བཤད།

    ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་གྱི་ལི་ཆེ་གེ་མོར(མིང་ཚབ)འགན་བཅོལ་ཀུང་སི་ག་གེ་མོའི“ལས་དོན་པ”ཡིན་ཟེར་བའི་ཁ་པར་འབྱོར་ནས། ན་ནིང་མངགས་ཉོ་བྱས་པའི“སྒོར་ཁྲི་བརྒྱའི་སྨན་བཅོས་འགན་བཅོལ”དེ་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་ལ་དུས་བཅད་ཐིམ་གྱི་འདུག ཀུང་སིའི་གཏན་འབེབས་ལྟར་ན། འགན་བཅོལ་དེར་ལོ་དང་པོར་རིན་པ་སྤྲོད་མི་དགོས་པ་དང་། གལ་ཏེ་ལོ་གཉིས་པ་ནས་མུ་མཐུད་འགན་བཅོལ་ལ་ཞུགས་ན། ལི་ཆེ་གེ་མོའི་དངུལ་ཁང་གཱ་ནས་ཟླ་རེར་འགན་བཅོལ་དངུལ་སྒོར་1288འཐེན་གྱི་རེད་ཅེས་བཤད་པ་རེད།

    ལི་ཆེ་གེ་མོའི་ངོས་ནས་བརྗོད་ན། ལས་སྒོ་དེ་ཕན་ཐོགས་མེད་པས་ཁོ་པས་ལས་སྒོ་སྒོ་རྒྱག་རྒྱུའི་རེ་བ་བཏོན། དེ་ནས“ལས་དོན་པས”དྲ་ཤོག་ཅིག་ཏུ་བཀོལ་སྤྱོད་བྱེད་དུ་བཅུག་པ་དང་། དེ་རྗེས་ལི་ཆེ་གེ་མོས་ར་སྤྲོད་ཨང་རྟགས་ཕ་རོལ་ལ་སྤྲད་པས། ཕ་རོལ་གྱིས་ལི་ཆེ་གེ་མོའི་དངུལ་ཁང་གཱ་ནས་ཁྱོན་བསྡོམས་སྒོར་ཁྲི12.9ལྷག་འཐེན་པ་རེད།

    གཡོ་ཇུས་གཅིག་ལ་བརྟེན་ནས་མི་མང་པོར་མགོ་སྐོར་བཏང་བ།

    2023ལོའི་ཟླ་9པར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཚེ་ཆེ་གེ་མོར(མིང་ཚབ)འགན་བཅོལ་ཀུང་སི་ག་གེ་མོའི“ལས་དོན་པའི”ཁ་པར་ཞིག་འབྱོར་ནས། ཚེ་ཆེ་གེ་མོའི་སྐད་འཕྲིན་ནང“སྒོར་ཁྲི་བརྒྱའི་སྨན་བཅོས་འགན་བཅོལ”གྱི་ལས་སྒོ་ཞིག་ཡོད་པ་དང་། གལ་ཏེ་ལས་སྒོ་དེ་སྒོ་རྒྱག་མ་ཐུབ་ཚེ། ཟླ་རེར་སྒོར་800འཐེན་ལུགས་བཤད།

    དེ་རྗེས་ཚེ་ཆེ་གེ་མོས“ལས་དོན་པས”བཤད་པ་ལྟར་རང་ཉིད་ལ་འབྱོར་བའི་ར་སྤྲོད་ཨང་རྟགས་དྲ་ཤོག་ཅིག་ཏུ་བཅུག་པ་རེད། དེའི་རྗེས་ཁོ་པའི་སྐད་འཕྲིན་དངུལ་ཁུག་ནང་གི་དངུལ་དག་བརླགས་པ་ཤེས་ཏེ་མྱུར་དུ་དངུལ་ཁང་དུ་སོང་ནས་དྲིས་པར་དངུལ་ཁང་གི་གཱ་ནང་སྒོར་128ལས་ལྷག་མེད་པ་དང་། ཁྱོན་སྒོར་48700ཁ་བསླུས་ཤོར་བ་ཤེས།

    2023ལོའི་ཟླ་9པར་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་དབང་ཆེ་གེ་མོར(མིང་ཚབ)འགན་བཅོལ་ཀུང་སི་ག་གེ་མོའི“ལས་དོན་པ”ཡིན་ཟེར་བའི་ཁ་པར་ཞིག་འབྱོར་ནས་དབང་ཆེ་གེ་མོས་སྐད་འཕྲིན་གྱི“སྒོར་ཁྲི་བརྒྱའི་སྨན་བཅོས་འགན་བཅོལ”གྱི་ལས་སྒོ་ཁ་ཕྱེ་འདུག་པས་ཟླ་རེར་སྒོར་2600ཡི་སྐྱེད་ཀ་ཐོན་གྱི་རེད་ཅེས་བཤད། དབང་ཆེ་གེ་མོས་རང་ཉིད་ཀྱིས་ལས་སྒོ་དེ་ཁ་ཕྱེ་མྱོང་མེད་པའི་སྐོར་བཤད། “ལས་དོན་པས”ལས་སྒོ་དེ་སྒོ་རྒྱག་ཆོག་ཅེས་ཟེར་བ་མ་ཟད། དབང་ཆེ་གེ་མོ་QQཚོཌ་པ་ཞིག་ཏུ་འཛུལ་དུ་བཅུག ཚོགས་པའི་ནང་གི་ཁ་བསླུས་རྒྱག་མཁན་གྱིས་དབང་ཆེ་གེ་མོར་བཀོལ་སྤྱོད་བྱེད་སྟངས་རབ་དང་རིམ་པ་བསླབས།

    དེ་རྗེས“ཀྲུང་གོ་དངུལ་ཁང་ལྟ་སྡོམ་ལྷན་ཚོགས་ཀྱི་དྲ་ཐོག་ལས་དོན་པ”ཟེར་བ་དང་འབྲེལ་གཏུག་བྱས་ནས“སྒོར་ཁྲི་བརྒྱའི་སྨན་བཅོས་འགན་བཅོལ”གྱི་ལས་སྒོ་དེ་སྒོ་རྒྱག་རྒྱུའི་རེ་ཞུ་བྱས། “ལས་དོན་པས”སྐད་འཕྲིན་བརྒྱུད་ནས“སྒོར་ཁྲི་བརྒྱའི་སྨན་བཅོས་འགན་བཅོལ”གྱི་ལས་སྒོ་སྒོ་རྒྱག་པར་དགོས་ངེས་ཀྱི་འགྲོ་ལུགས་དགོས་པ་རྒྱུ་མཚན་དུ་བྱས་ཏེ། དབང་ཆེ་གེ་མོའི་དངུལ་ཁང་གཱ་ནས་དངུལ་ཐེངས་མང་བསྒྱུར་བས་དབང་ཆེ་གེ་མོའི་སྒོར་ཁྲི་10.7ལྷག་ཙམ་ཁ་བསླུས་ཤོར་བ་རེད།

    ཁྲམ་པའི་གཡོ་ཇུས་དམར་འདོན་དང་དེ་འབྲེལ་གྱི་དྲན་སྐུལ།

    ཁ་བསླུས་རྒྱག་ཐབས་གསལ་སྟོན།

    ཁྲམ་པས་ཁྲིམས་འགལ་བྱེད་ཐབས་བརྒྱུད་དེ། གནོད་འཚེ་འཕོག་མཁན་གྱི་འགན་བཅོལ་ཆ་འཕྲིན་རག་ཐབས་བྱས་ཏེ། འགན་བཅོལ་ཀུང་སིའམ་དངུལ་ཁང་གི་ལས་དོན་པར་བརྫུས་ནས་གནོད་འཚེ་འཕོག་མཁན་ལ་ཁ་པར་བརྒྱབ་སྟེ། གནོད་འཚེ་འཕོག་མཁན་གྱིས་གལ་ཏེ་ལས་སྒོ་སྒོ་མ་བརྒྱབ་ན་ཟླ་རེར་དངུལ་འཐེན་གྱི་རེད་ཅེས་བརྗོད་ཀྱི་ཡོད། གནོད་འཚེ་ཕོག་མཁན་གྱིས་ལས་སྒོ་སྒོ་རྒྱག་རྒྱུའི་རེ་བ་བཏོན་རྗེས་ཁྲམ་པས་གནོད་འཚེ་ཕོག་མཁན་བརྙན་ལམ་ཚོགས་འདུར་ཞུགས་སུ་བཅུག་པ་དང་འབྲེལ“བརྙན་ཡོལ་མཉམ་སྤྱོད”ཀྱི་ནུས་པ་ཁ་ཕྱེ་རུ་བཅུག་ནས་གནོད་འཚེ་ཕོག་མཁན་གྱི་ལག་ཐོགས་ཁ་པར་ལ་ལྟ་ཞིབ་དང་ཚོད་འཛིན་དང་དངུལ་སྒྱུར་བ་དང་བརྐུ་གི་ཡོད། གཞན་ཡང་ཁྲམ་པས་དངུལ་འཐེན་ནོར་ཤོར་བ་སྔོན་འགོག་བྱེད་པར་ཁ་གཡར་ནས་གནོད་འཚེ་ཕོག་མཁན་ལ་དངུལ“བདེ་འཇཌ་རྩིས་ཁྲར”སྒྱུར་དགོས་པའི་འཇམ་པོའི་བསླུ་བྲིད་བྱེད་པའམ་ཡང་ན“འགན་ལེན་དངུལ”དང“འགྲོ་ལུགས་ཀྱི་རིན་པ”སྤྲོད་པ་སོཌ་ལ་ཁ་གཡར་ནས་ཁ་བསླུས་རྒྱག་གི་ཡོད།

    དེར་བརྟེན་མི་དམངས་ཉེན་རྟོག་པས་དྲན་སྐུལ་བྱས་དོན། “འགན་བཅོལ”དང“VIPཚོགས་མི”སོགས་ཀྱི་ལས་སྒོ་སྒོ་མི་བརྒྱབ་ན། དངུལ་འཐེན་གྱི་ཡིན་ཟེར་མཁན་ཚང་མ་ནི་ཁ་བསླུས་ཡིན་པ་དང་། རྒྱང་ཁྲིད་ལས་སྒོ་གཉེར་བ་རྒྱུ་མཚན་དུ་བྱས་ནས་བརྙན་ལམ་ཚོགས་འདུའི་མཉེན་ཆས་ཕབ་ལེན་བྱེད་དགོས་པ་མ་ཟད། “བརྙན་ཡོལ་མཉམ་སྤྱོད”ཀྱི་ནུས་པ་ཁ་འབྱེད་དགོས་ཟེར་མཁན་ཚང་མ་ཁ་བསླུས་རེད། འགན་བཅོལ་ཀུང་སི་དང་། དངུལ་ཁང་ངམ་ཡང་ན་དྲ་ཚིགས་ཀྱི་ལས་དོན་པ་ཡིན་ཟེར་བའི་ཁ་པར་འབྱོར་ཚེ། ཡིད་ཆེས་མི་བྱེད་པར་ངེས་པར་དུ་ཕྱོགས་མང་པོ་ནས་ཞིབ་དཔྱད་གཏན་འཁེལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།