ལྷ་ས་གྲོང་ཁྱེར་རྡོ་ཐ་ཅུས་ཀྱིས“ཨང་སྦྲེལ་ཐ་མག”བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་བ།
འདི་ནི་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཁྲིམས་སྒྱུར་བས་འཕྲལ་རྒོལ་ཞིབ་བཤེར་བྱེད་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་རྩད་ཆོད་པའི“ཨང་སྦྲེལ་ཐ་མག”ཡིན་པ།
ཐ་མག་ངོ་མ་ལུགས་དང་མ་མཐུན་པར་འཁོར་རྒྱུག་བྱེད་པར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཐ་མག་ཚོང་གཉེར་གྱི་སྒྲིག་སྲོལ་མུ་མཐུད་ཚད་ལྡན་དུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས“ཨང་སྦྲེལ་ཐ་མག”བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་ནས་ཐ་མག་ཉོ་སྒྲུབ་དང་ལྐོག་འཚོང་གི་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་བས། ཚད་ལྡན་མིན་པའི་ཚོང་གཉེར་བྱེད་སྟངས་སྔོན་འགོག་ཏན་ཏིག་ཐུབ་ཡོད།
དུས་འགོར་ཁྲིམས་འགལ་ངང་ཐ་མག་ཉོས་པའི་ཆ་འཕྲིན་ལ་ཞིབ་བཤེར་ཐག་གཅོད་བྱས་པ་བརྒྱུད། ཉེ་ཆར་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཁྲིམས་སྒྱུར་བས་ཁྲིམས་འགལ་ངང་ཚོང་གཉེར་བྱས་པའི་དོགས་ཡོད་ཚོང་པ་ཞིག་གཏན་འཁེལ་བྱུང་ནས་སྣེའུ་ཁུལ་གསར་གྱི་ཚོང་ཁང་ཞིག་ཏུ་འཕྲལ་རྒོལ་ཞིབ་བཤེར་བྱས་ཤིང་། ཚོང་ཁང་དེའི་མཛོད་ཁང་དུ་པའེ་ཧྲ་དང་། ལི་ཆུན། ཧུང་ཐ་ཧྲན་སོགས་རྟགས་ཅན་གྱི་ཐ་མག་བསྡོམས་སྣ་ཁ་97དང་རྡར་ཚན་1639ཡོད་པའི་ལྷ་སའི་ཨང་སྦྲེལ་ཐ་མག་དང་ས་ཆ་གཞན་གྱི་ཐ་མག་རྩད་ཆོད་པའི་དངུལ་གྲངས་སྒོར་ཁྲི་50ལྷག་ཟིན་ཡོད།
དོ་བདག་ལ་ས་གནས་སོ་སོའི་རྡོ་ཐ་ཆེད་ཚོང་སྡེབ་ཚོང་ཁེ་ལས་ནས་འཐེན་པའི་ཁྲིམས་མཐུན་གོ་ཆོད་དཔང་འཛིན་མེད་པས། ཁྲིམས་སྒྱུར་བས་ཁྲིམས་བཞིན་ཐ་མག་དེ་དག་ཐོ་འགོད་བྱས་ནས་ཉར་ཚགས་བྱས་ཤིང་། མིག་སྔར་གྱོད་གཞི་དེར་སྔར་བས་བརྟག་དཔྱད་བྱེད་བཞིན་ཡོད།