དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་སྤྱི་བདེས་ཁྲིམས་འགལ་ངང་ཉོ་ཚོང་བྱས་པའི་དྲ་རྒྱའི་རྟོག་བཟོའི་ཨང་རྟགས་900ལྷག་ཙམ་རྩད་བཅད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

    ཉེ་ཆར། ལྷ་ས་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་བཙན་གནོད་བཏང་བའི་གྱོད་གཞི་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་1བཟུང་བ་དང་། ཁྲིམས་འགལ་ངང་ཉོ་ཚོང་བྱས་པའི་དྲ་རྒྱའི་རྟོག་བཟོའི་ཨང་རྟགས་900ལྷག་ཙམ་དང་ལག་ཐོགས་ཁ་པར་ཨང་གྲངས་200ལྷག་ཙམ་རྩད་ཆོད་པ། གྱོད་འབྲེལ་མ་དངུལ་སྒོར་ཁྲི་10ལྷག་ཙམ་བསྡམས་བཅད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱི་མི་དམངས་ཉེན་རྟོག་པས་དྲ་དམངས་ཤིག་གིས་སྐབས་འཕྲལ་འཕྲིན་གཏོང་ཚོགས་པའི་ནང“མོའུ་མོའུ”ཞེས་པའི་སྤྱི་ཚོགས་འབྲེལ་བའི་ཨང་རྟགས་འཚོང་གི་ཡོད་པ་ཤེས་རྟོགས་བྱུང་། མྱུལ་ཞིབ་བྱས་པ་བརྒྱུད་ནོར་ཆེ་གེ་མོས་ཐོ་འགོད་མཉེན་ཆས་བརྒྱུད“མུའོ་མུའོ”ཞེས་པའི་སྤྱི་ཚོགས་འབྲེལ་བའི་ཨང་རྟགས་མང་པོ་ཐོ་འགོད་བྱས་རྗེས་ཚོགས་པའི་ནང་བརྡ་ཁྱབ་བཏང་ནས་འཚོང་གི་ཡོད་པ་ཤེས་རྟོགས་བྱུང་བ་རེད། གཞན་ཡང་ནོར་ཆེ་གེ་མོས་ད་དུང་མི་གཞན་གྱི་འཕྲིན་གཏོང་ཆ་འཕྲིན་བསྡུ་ལེན་བྱེད་ཀྱི་ཡོད་པ་རེད།

    འདྲི་ཞིབ་བྱས་པ་བརྒྱུད། ནོར་ཆེ་གེ་མོས་རང་ཉིད་ཀྱི་ཉེས་གསོག་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་ཤིང་། དེས་གསལ་བཤད་བྱས་པར་གཞིགས་ན། 2023ལོའི་ཟླ་4པར་མི་སྒེར་གྱི་སྤྱི་ཚོགས་འབྲེལ་བའི་དྲ་རྒྱའི་རྩིས་ཨང་དུ་སྤྱི་ཚོགས་འབྲེལ་བའི་མཉེན་ཆས་རྩིས་ཁྲ་ཐོ་འགོད་དང་། འཕྲིན་གཏོང་ཆ་འཕྲིན་བསྡུ་ལེན་ཞབས་ཞུ། འཕྲུལ་སྒྱུར་མཉེན་ཆས། གནས་གཏན་འཁེལ་གྱི་མཉེན་ཆས་སོགས་ཀྱི་བརྡ་ཁྱབ་ཆ་འཕྲིན་འབོར་ཆེན་ཡོངས་བསྒྲགས་བྱས་པ་མ་ཟད། ཁྲིམས་འགལ་ངང་ཐོབ་པའི་ལག་ཐོགས་ཁ་པར་ཨང་གྲངས་ནས“མུའོ་མུའོ”སོགས་སྤྱི་ཚོགས་འབྲེལ་བའི་ཨང་རྟགས་ཐོ་འགོད་བྱས་ནས་མི་གཞན་ལ་དེའི་ཁྲོད་ནས་ཁེ་བཟང་རག་ཐབས་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། ནོར་ཆེ་གེ་མོར་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་གཏོང་བའི་ཉེས་པ་བསགས་པའི་དོགས་པ་ཡོད། མིག་སྔར་ཉེས་གསོག་དོགས་ཅན་ནོར་ཆེ་གེ་མོར་ཁྲིམས་ལྟར་བཙན་ཤེད་བྱེད་ཐབས་སྤྱད་ཡོད་པ་དང་གྱོད་གཞིར་མྱུལ་ཞིབ་ཞིབ་ཚགས་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།