དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྡེ་ཁུལ་དུ་བཅའ་ཁྲིམས་ཁྱབ་གདལ་སློབ་གསོ་སྤེལ་ཏེ་དྲིལ་བསྒྲགས་ནང་དོན་མི་སེམས་ལ་ཟུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

    ཉིན་ཤས་གོང་། འཕྱོངས་རྒྱས་རྫོང་ཁྲིམས་འཛིན་ཅུས་དྲིལ་བསྒྲགས་རུ་ཁག་གིས་འཕྱོངས་རྒྱས་གྲོང་རྡལ་མངགས་གཏོང་ཁང་དང་མཉམ་དུ་གྲོང་བདུན་སྡེ་ཁུལ་དུ་བསྐྱོད་དེ། “དཔོན་གསུམ”གྱི་བཅའ་ཁྲིམས་ཁྱབ་གདལ་འཆད་ཁྲིད་ཚོགས་པས“གྱོད་གཞི་དྲངས་ནས་བཅའ་ཁྲིམས་གསལ་འགྲེལ”བྱས་ཏེ། སྡེ་ཁུལ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་སྡོད་ལས་དོན་རུ་ཁག བཅའ་ཁྲིམས་གསལ་ཤེས་པ། གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི། མི་དམངས་འདུམ་འགྲིག་པ་བཅས་ལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འཚམ་པའི་ཁྲིམས་སྐྱོང་འཆད་ཁྲིད་བྱས་པ་རེད།

    འཆད་ཁྲིད་བྱེད་རིང་། འཆད་ཁྲིད་ཚོགས་པའི་ཁོངས་མིས“གྱོད་གཞི་དྲངས་ནས་བཅའ་ཁྲིམས་གསལ་འགྲེལ”དང་གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས། ཞིང་འབྲོག་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཤེས་བྱ་དང་བྱ་སྤྱོད་ཀྱི་ཚད་གཞི་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་མ་ཟད། 《ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྲོལ་ཡིག》དང《བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་རེད།

    འཕྱོངས་རྒྱས་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་དངོས་པོ་སྤྲོད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད། ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པར་གཙོ་བོར་དམིགས་པ་དང་། ལྷག་པར་དུ་ཉེ་དུས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་བྱེད་པ་སོགས་ཀྱི་ནང་དོན་ལ་དམིགས་ནས་དྲིལ་བསྒྲགས་བྱས་པ་རེད།

    དྲིལ་བསྒྲགས་བྱེད་སྒོར་སྡེ་ཁུལ་མང་ཚོགས་ཀྱི་དགའ་བསུ་རྒྱ་ཁྱབ་ཐོབ་པ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་གི་ནང་དོན་ཁྱབ་སྤེལ་གང་ལེགས་ཐུབ་ནས། སྡེ་ཁུལ་མང་ཚོགས་ཀྱིས་མི་སྒེར་གྱི་ཁེ་དབང་ལ་དེ་བས་རྒྱུས་མངའ་ལོན་པ་དང་། མང་ཚོགས་ཀྱི་བཅའ་ཁྲིམས་ཤེས་བྱ་ཕུན་སུམ་ཚོགས་སུ་ཕྱིན་པ། མི་སྒེར་གྱི་འགོག་ཟོན་འདུ་ཤེས་ཟབ་ཏུ་ཕྱིན་པ། བཅའ་ཁྲིམས་ཀྱི་བྱང་ཚད་དང་ཁྲིམས་ལྟར་ཁེ་དབང་སྲུང་བའི་ནུས་པ་ཆེ་རུ་ཕྱིན་པ། མི་ཚང་མས་ཁྲིམས་སྦྱོང་བ་དང་ཁྲིམས་སྤྱོད་པའི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།