གློག་ཆས་ལ་མེ་སྐྱོན་ཇི་ལྟར་འགོག་དགོས།
གཅིག གློག་ཆས་ཀྱི་སྤུས་ཚད་ལོན་དགོས།
གློག་ཆས་དང་གློག་སྐུད་ལ་མཛེས་རྒྱན་སྤྲོས་པའམ་ཡང་ན་བརྗེ་སྐབས། སྤུས་ཚད་ལོན་པའི་གློག་སྐུད་དང་ལྷུ་ལག་ཉོ་དགོས་པ་ལས། རིན་གོང་ཁེ་པོར་བརྔམས་ཏེ“གསུམ་མེད”ཐོན་རྫས་སམ་ཡང་ན་རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ཉོ་མི་རུང་།
གཉིས། གློག་སྐུད་དུས་ཐོག་ཏུ་བརྗེ་དགོས།
ཁྱིམ་དུ་གློག་སྐུད་འཚིགས་ཚེ་དུས་ཐོག་ཏུ་བརྗེ་དགོས་པ་དང་། བརྗེ་སྐབས་ལས་གཉེར་ཐོབ་ཐང་ལག་ཁྱེར་ཡོད་པའི་གློག་ལས་བཟོ་པ་བཙལ་ནས་བརྗེ་དགོས། གློག་སྐུད་བརྗེ་སྐབས་བརྗེ་སྟངས་མི་འཚམ་པའི་རྐྱེན་གྱིས་ལས་འཛོལ་མི་ཐོན་པ་བྱེད་དགོས་པ་དང་། བརྗེས་རྗེས་མཐུད་སྟངས་མི་འཚམ་པས་གློག་སྐུད་འཁྲུགས་ནས་མེ་སྐྱོན་མི་ཤོར་བ་བྱེད་དགོས།
གསུམ། གློག་སྐུད་ཀྱིས་ཐེག་པའི་གློག་ཆས་སྤྱོད་དགོས།
གློག་སྐུད་ཀྱི་སྦོམ་ཕྲར་གཞིགས་ནས་དེའི་ཐེག་ཚད་གློག་རྒྱུན་ལ་བདེ་འཇགས་ཀྱི་གློག་ཤུགས་གཏན་འཁེལ་བྱས་ཡོད། གལ་ཏེ་གློག་སྐུད་ཀྱི་ཐེག་ཚད་ལས་བརྒལ་ཚེ་མེ་སྐྱོན་འབྱུང་སླ་བས་ངེས་པར་དུ་གློག་སྐུད་ཀྱིས་ཐེག་པའི་གློག་ཆས་སྤྱོད་དགོས།
བཞི། གློག་མ་ཤོར་བའི་སྒྲིག་ཆས་སྒར་དགོས།
ཁྱིམ་དུ་ཐེག་ཚད་ལས་བརྒལ་ཏེ་གློག་སྤྱད་ནས་གློག་སྐུད་འཚིག་སྐབས། ཟངས་སྐུད་དང་ལྕགས་སྐུད་ཀྱིས་ཚབ་བྱེད་མི་རུང་བར་ཡིན་གཅིག་གློག་མ་ཤོར་བའི་སྒྲིག་ཆས་སྒར་དགོས།
ལྔ། གློག་སྐུད་སྒར་པང་གཅིག་ལ་གློག་ཆས་སྒར་སྣེ་མང་པོ་འཛུགས་མི་རུང་།
གློག་སྐུད་སྒར་པང་དཀྱུས་མ་དང་ནུས་མང་གློག་སྐུད་སྒར་པང་ནི་ཁྱིམ་སྤྱོད་གློག་ཆས་ཁྲོད་རྒྱུན་དུ་སྤྱོད་མང་ཤོས་ཀྱི་གློག་སྐུད་འབྲེལ་མཐུད་ཡོ་བྱད་ཅིག་ཡིན་ཞིང་། གློག་སྐུད་སྒར་པང་འདེམས་སྐབས། ངེས་པར་དུ་སྤུས་ཚད་འགན་ལེན་ཡོད་པའི་ཐོན་རྫས་འདེམས་དགོས་པ་དང་། གློག་འགྲོ་ཚད་ཅུང་ཆེ་བའི་གློག་ཆས་གཉིས་གློག་སྐུད་འཛུགས་རྟེན་གཅིག་གི་ཐོག་མཐུད་མི་རུང་།
དྲུག ཕྱིར་སྐྱོད་སྐབས་གློག་སྒོ་འགོག་དགོས།
གློག་ཆས་སྤྱད་རྗེས་གློག་སྒོ་དུས་ཐོག་ཏུ་འགོག་དགོས། ཕྱིར་སྐྱོད་སྐབས་ངེས་པར་དུ་གློག་ཆས་བཀག་དགོས་པ་དང་འབྲེལ། ཁྱིམ་སྤྱོད་གློག་ཆས་ཚད་ལས་བརྒལ་ནས་སྤྱད་དེ་ཚ་པོ་ཆགས་ཏེ་མེ་སྐྱོན་མི་ཐོན་པའི་ཆེད་དུ་གློག་སྒོའང་བཀག་དགོས།