དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་མིའི་རང་དབང་གི་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”འགྲོ་བ་མིའི་ཐོབ་ཐང་གི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

    ཉིན་ཤས་གོང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཅི་ལིན་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་དང་ཅི་ལིན་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གིས་གཙོ་གཉེར་བྱས་པའི“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་མིའི་རང་དབང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི”འགྲོ་བ་མིའི་ཐོབ་ཐང་གི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ཅི་ལིན་ཁྲང་ཁྲུན་དུ་འཚོགས་པ་རེད། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཨུ་ལྷན་དང་། ཀྲུང་དབྱང་ཏང་གི་སློབ་གྲྭ། ཀྲུང་གོ་མི་དམངས་སློབ་ཆེན། ནན་ཁའེ་སློབ་ཆེན། ཅི་ལིན་སློབ་ཆེན། ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་སོགས་རྒྱལ་ནང་གི་མཐོ་སློབ་དང་ཚན་ཞིབ་ལས་ཁུངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་50ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

    བགྲོ་གླེང་ཚོགས་འདུ་དེ་སྡེ་ཚན་4ལ་ཕྱེ་ཞིང་། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལམ་བུ”དང་། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལག་ལེན” “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཤེས་བྱའི་མ་ལག” “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཤེས་དཔལ་གྱི་རྣམ་པ་གསར་པ”སོགས་གྲོས་དོན་ལ་དམིགས་ནས་བགྲོ་གླེང་བྱས་པ་དང་། དེའི་དམིགས་ཡུལ་ནི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་དང་ཡར་རྒྱས་ལ་སྐུལ་འདེད་བཏང་སྟེ་མིའི་རང་དབང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    ཚོགས་ཞུགས་མི་སྣས། དེང་རབས་ཅན་གྱི་མཐར་ཐུག་གི་དམིགས་ཚད་ནི་མིའི་རང་དབང་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་པ་དང་། དེ་ཡང་མར་ཁེ་སི་རིང་ལུགས་ཀྱིས་དོན་གཉེར་བྱེད་པའི་རྩ་བའི་རིན་ཐང་གི་དམིགས་ཚད་ཅིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱེད་པ་དེ་ཐོག་ནས་དམངས་གཙོ་དང་རང་དབང་གི་ཐུན་མོང་གི་དོན་གཉེར་མཚོན་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་ཁག་ལ་ཟམ་མི་ཆད་པར་འགན་ལེན་ཐོབ་པའི་བྱས་རྗེས་ངོ་མཚར་ཅན་གསར་པའང་བཏོད་ཡོད་ཅིང་། དེས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།