སྡེ་ཚན་ལྔ་ཡིས“ཟས་རིགས་ཆེན་པོའི་ལྟ་བ་ལག་ལེན་བསྟར་ནས་ཟ་འབྲུའི་བདེ་འཇགས་ལ་འགན་ལེན་བྱེད”པའི་གྲོས་འགོའི་ཡི་གེ་བཀྲམ་པ།
ཉེ་དུས། རྒྱལ་ཁབ་བཟའ་འབྲུ་དང་དངོས་ཟོག་གྲབས་གསོག་ཅུས་དང་། ཞིང་ལས་གྲོང་གསེབ་པུའུ། སློབ་གསོ་པུའུ། ཚན་རྩལ་པུའུ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་སྡེ་ཚན་ལྔ་ཡིས་སྤྱི་ཚོགས་ཡོངས་ལ“ཟས་རིགས་ཆེན་པོའི་ལྟ་བ་ལག་ལེན་བསྟར་ནས་བཟའ་འབྲུའི་བདེ་འཇགས་ལ་འགན་ལེན་བྱེད”ཅེས་པའི་གྲོས་འགོའི་ཡི་གེ་བཀྲམ་པ་རེད།
གྲོས་འགོའི་ཡི་གེར། བཟའ་འབྲུའི་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན། ཀྲུང་གོའི་མངའ་ཁོངས་རྒྱ་ཆེ་བ་དང་། སྐམ་མཚོ་གཉིས་ཀ་ལྡན་པ། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་སྐོང་བར་ཟས་རིགས་ཀྱི་གྲུབ་ཆ་ལེགས་སུ་དང་འཚོ་བཅུད་བདེ་ཐང་གི་ཆུ་ཚད་མུ་མཐུད་ནས་མཐོ་རུ་གཏོང་དགོས་པ་མ་ཟད། ཐབས་ལམ་མང་པོ་ནས་ཟས་རིགས་ཀྱི་ཐོན་ཁུངས་གསར་སྤེལ་བྱས་ཏེ་མི་སེར་གྱི་གསོལ་ལྕོག་ཐོག་གི་ཟས་རིགས་སྣ་མང་ཕུན་སུམ་ཚོགས་པོ་དང་འཚོ་བཅུད་དང་བདེ་ཐང་ཡོང་བར་བྱེད་དགོས་ཞེས་དང་། གྲོས་འགོའི་ཡི་གེར། གྲོན་ཆུང་བྱས་ན་མི་དམངས་ཕྱུག བསྲི་ཚགས་བྱས་ན་རྒྱལ་ཁབ་དར། འབྲུ་རིགས་ལ་གཅེས་སྤྲས་དང་བསྲི་ཚགས་བྱ་རྒྱུ་ནི་འབོད་ཚིག་ཙམ་མིན་པར། གཙོ་བོ་མི་ཚང་མའི་བྱ་སྤྱོད་རེ་རེ་ནས་མངོན་པར་བྱེད་དགོས། ང་ཚོས་སེམས་ནུས་གཅིག་སྒྲིལ་དང་བྱ་སྤྱོད་ངོ་མས་འབྲུ་རིགས་ལ་གཅེས་སྤྲས་དང་གྲོན་ཆུང་བྱེད་པའི་དར་སྤེལ་མཁན་དང་། སྐུལ་འདེད་མཁན། ལག་ལེན་མཁན་བཅས་ལ་འགྱུར་བའི་བརྩོན་ལེན་བྱེད་དགོས་པ་མ་ཟད། བྱ་སྤྱོད་ངོ་མས་འབྲུ་རྡོག་རེ་རེར་གྲོན་ཆུང་དང་། “ལྕེ་ཐོག་གི་འཕྲོ་བརླག”གཏན་འགོག “རྒྱལ་ཁབ་ཆེན་པོའི་འབྲུ་རིགས”ཐུན་མོང་ཐོག་སྲུང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་བཏོན་ཡོད་པ་རེད།