དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • སྡེ་ཚན་དྲུག་གིས《གྲོང་ཁྱེར་ཚད་ལྡན་ཅན་གྱི་བྱ་སྤྱོད་ཇུས་གཞི》མཉམ་དུ་བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

    གསར་འགོད་པར་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རྒྱལ་ཁབ་ཚད་ལྡན་ཅན་དོ་དམ་ཨུ་ལྷན་དང་། བཟོ་འཕྲིན་པུའུ། དམངས་སྲིད་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། འཕྲལ་སྡོམ་དོ་དམ་པུའུ་བཅས་སྡེ་ཚན་དྲུག་གིས《གྲོང་ཁྱེར་ཚད་ལྡན་ཅན་གྱི་བྱ་སྤྱོད་ཇུས་གཞི》(གཤམ་དུ《བྱ་སྤྱོད་ཇུས་གཞི》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་པ་རེད།

    《བྱ་སྤྱོད་ཇུས་གཞིའི》ནང་གཙོ་གནད་ལས་འགན་ཁག་16བཀོད་སྒྲིག་བྱས་པ་དང་སྒྲིག་འཛུགས་ལག་བསྟར་བྱེད་པའི་འབྲེལ་ཡོད་བྱ་ཐབས་བཏོན་ཞིང་། ཕྱོགས་གཅིག་ནས་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་གཞིའི་མ་ལག་སྐྲུན་མགྱོགས་སུ་གཏོང་བར་དམིགས་ནས་གྲོང་ཁྱེར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས། རིག་ལྡན་གྲོང་ཁྱེར། གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུ། གཞི་རིམ་བཅོས་སྐྱོང་། གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས། གཞི་རྩའི་སྤྱི་པའི་ཞབས་ཞུ། གྲོང་ཁྱེར་བདེ་འཇགས་ཐད་ཀྱི་ཉེན་ཁའི་འཕྲལ་སྡོམ་འགན་ལེན། སྐྱེ་ཁམས་ཁོར་ཡུག གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་སྲུང་སྐྱོབ་དང་གསར་གཏོད་ཞབས་ཞུ། གྲོང་ཁྱེར་གྱི་སྤྱི་པའི་སྒྲིག་བཀོད་དོ་དམ་དང་ཞབས་ཞུ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་སོགས་ཁྱབ་ཁོངས་12ཁ་གསལ་བཟོས་པར་མ་ཟད། གཙོ་གནད་ལས་འགན་ཚད་དང་ལྡན་པའི་སྒོ་ནས་བཟོ་བཅོས་ཀྱང་བརྒྱབ་ཡོད། ཕྱོགས་གཞན་ཞིག་ནས་གྲོང་ཁྱེར་ཚད་ལྡན་ཅན་གྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་དམིགས་ཏེ། གྲོང་ཁྱེར་ཚད་ལྡན་ཅན་གྱི་ཚོད་ལྟའི་ཁུལ་འཛུགས་སྐྲུན་དང་གྲོང་ཁྱེར་ཚད་ལྡན་ཅན་གྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་སྤེལ་བ། གྲོང་ཁྱེར་ཚད་ལྡན་ཅན་གྱི་ཉམས་མྱོང་སྤེལ་རེས་མཉམ་ལས་ལས་སྟེགས་གཏོད་པ། གཙོ་གནད་ཁྱབ་ཁོངས་ཚད་ལྡན་ཅན་གྱི་ཆེད་དོན་བྱ་སྤྱོད་འཚོལ་ཞིབ་བྱས་ནས་སྤེལ་བ་སོགས་ཚད་ལྡན་ཅན་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།