དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལྷ་ས་གྲོང་ཁྱེར་གྱི་སྡེ་ཚན་གཉིས་ཀྱིས་ཁྲིམས་དང་མ་མཐུན་པའི་སྐྱེལ་འདྲེན་རླངས་འཁོར་ལ་བཅོས་སྒྲིག་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

    འདི་ནི་ཁྲིམས་སྒྱུར་བྱ་ཡུལ་ཡིན་པ།

    ཟླ་10ཚེས་18ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྤྱི་སྤྱོད་རླངས་འཁོར་སྲུང་སྐྱོབ་རུ་ཆེན་གྱིས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་དང་མཉམ་དུ་ཁྲིམས་སྒྱུར་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས། གྲོང་ཁྱེར་གྱི་ལམ་རྒྱུད་ཀྱི་ནག་འཁོར་དང་རླངས་འཁོར་གྱིས་སྒྲིག་འགལ་ངང་འགྲུལ་པ་བླུགས་པའི་གནས་ཚུལ་བཅོས་སྒྲིག་བྱས་ཏེ། ཁྲིམས་དང་མ་མཐུན་པའི་སྐྱེལ་འདྲེན་རླངས་འཁོར་ལ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་རེད།

    བཅོས་སྒྲིག་བྱེད་སྐབས་ཁྲིམས་སྒྱུར་མི་སྣས་འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་རེ་རེ་བཞིན་ཞིབ་བཤེར་ཐོ་འགོད་བྱས་ནས་དམ་བསྒྲགས་ཀྱི་རྣམ་པ་ཏན་ཏིག་ངང་ཆགས་པ་བྱས་ཏེ་ཁྲིམས་དང་མ་མཐུན་པའི་སྐྱེལ་འདྲེན་རླངས་འཁོར་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་དང་། འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་བཏང་བ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྤྱི་སྤྱོད་རླངས་འཁོར་སྲུང་སྐྱོབ་རུ་ཆེན་གྱི་རིམ་པ་གསུམ་པའི་ཉེན་རྟོག་དཔོན་བསྟན་འཛིན་ནོར་བུས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་མཉམ་དུ་ཉང་བྲན་ལྷོ་ལམ(དམངས་སྤྱོད་མཁའ་འགྲུལ་ཅུས)ཞིབ་བཤེར་ས་ཚིགས་དང་། གླིང་སྐོར་ཤར་ལམ(བར་སྐོར་ཚོང་ར)ཞིབ་བཤེར་ས་ཚིགས། བརྒྱད་གཅིག་ལམ(བོད་སྐོར་དཀྱིལ་འཁོར)ཞིབ་བཤེར་ས་ཚིགས་སོགས་ལམ་དུམ་དུ་ཁྲིམས་དང་མ་མཐུན་པའི་སྐྱེལ་འདྲེན་རླངས་འཁོར་ལ་བཅོས་སྒྲིག་བྱས་ཤིང་། ཉང་བྲན་ལྷོ་ལམ(དམངས་སྤྱོད་མཁའ་འགྲུལ་ཅུས)ཞིབ་བཤེར་ས་ཚིགས་སུ་ཁྱོན་ཁྲིམས་དང་མ་མཐུན་པའི་སྐྱེལ་འདྲེན་རླངས་འཁོར་3རྩད་ཆོད་པ་དང་མིག་སྔར་གྱོད་གཞི་དེ་སྔར་བས་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།

    ཟླ་10ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཙམ་ལ། ཏི་ཏི་ཀུང་སིའི་ལས་སྟེགས་ཀྱི་ཚོང་གཉེར་རླངས་འཁོར་ཞིག་གིས《དྲ་རྒྱའི་སྔོན་མངག་བོགས་གཏོང་རླངས་འཁོར་གྱི་སྐྱེལ་འདྲེན་ལག་ཁྱེར》མེད་རུང་སྐྱེལ་འདྲེན་བྱས་པས། ཉང་བྲན་ལྷོ་ལམ(དམངས་སྤྱོད་མཁའ་འགྲུལ་ཅུས)ཞིབ་བཤེར་ས་ཚིགས་བརྒྱུད་སྐབས་ཁྲིམས་སྒྱུར་མི་སྣས་ས་གནས་ས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་པ་རེད། ཁ་ལོ་བ་དབྱང་ཆེ་གེ་མོས“ང་ལ《དྲ་རྒྱའི་སྔོན་མངག་བོགས་གཏོང་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར》ལས་མེད། དེ་རིང་ཁྲིམས་སྒྱུར་མི་སྣས་ཞིབ་བཤེར་བྱས་པས། ངས་ཀྱང་རང་ཉིད་ལ་རང་སྐྱོན་རང་བརྟག་གཏིང་ཟབ་བྱ་རྒྱུ་ཡིན། རེ་བར་ཚང་མས་ང་རང་གི་བྱ་སྤྱོད་བསླབ་བྱར་ལེན་ནས་འབྲེལ་ཡོད་ལག་ཁྱེར་ཡག་པོ་གཉེར་རྗེས་སྐྱེལ་འདྲེན་གནང་རོགས། དེ་ལྟར་བྱས་ཚེ་གཞི་ནས་རང་ཉིད་རླངས་འཁོར་གཏོང་སྐབས་བློ་བདེ་བ་དང་། འགྲུལ་པ་འགྲོ་སྐྱོད་བྱེད་སྐབས་སེམས་ལྷོད་པོ་ཡོང་སྲིད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།