མཉམ་འདུས་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་ཤེས་ལྡན་པ་གསོ་སྐྱོང་ཡག་པོ་བྱེད་པ།
པར་རིས་འདི་དག་ནི་མཉམ་འདུས་སྦྱོང་བརྡར་བྱ་ཡུལ་ཡིན་པ།
ཉེ་ཆར། བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས་2023ལོའི་སྟོན་དུས་ཀྱི་ཅིན་ཧྲི་འདེམས་སྤྱོད་ཀྱི་མཉམ་འདུས་སྦྱོང་བརྡར་སྒྲིག་འཛུགས་བྱས་ཏེ། རྨང་གཞིའི་སློབ་ཚན་གཙོ་གནད་དུ་བྱེད་པ་དང་དངོས་འཐབ་སྦྱོང་བརྡར་ཁྲོད་ཀྱི་ཞན་ཆར་དམིགས་ནས་པན་གྱི་དཔུང་འཇུག(འགོག་སྲུང)དང་། དམག་མི་རྐྱང་པའི་ཕྱོགས་བསྡུས་ནང་སྦྱོང་། སྦྱོང་བརྡར་བྱེད་སྟངས(དཔེ་སྟོན་ལས་སྒྲུབ)མཐའ་མཚམས་ཀྱི་ཁ་གཏད་དུ་ལངས་པའི་དངོས་སྤྱོད་འཐབ་རྩལ། འཕྲིན་གཏོང་སྒྲིག་ཆས་བཀོལ་སྤྱོད་སོགས་ཀྱི་སློབ་ཚན་མཉམ་འདུས་སྦྱོང་བརྡར་བྱས་ནས་གཟུགས་པོའི་རྨང་གཞི་ཡག་པ་དང་། སློབ་ཁྲིད་སྦྱོང་བརྡར་བྱང་ཆུབ་པ། སྒྲིག་འཛུགས་དང་བཀོད་འདོམས་ལ་མཁས་པ། དོ་དམ་དང་སློབ་གསོར་འཇོན་པ་བཅས་ཀྱི་ཅིན་ཧྲི་ཤེས་ལྡན་པའི་དཔུང་ཁག་ཅིག་གསོ་སྐྱོང་ཧུར་ཐག་བྱས་ཡོད།