ཉེན་ཟོན་འདུ་ཤེས་ཟབ་ཏུ་བཏང་ནས་དུས་བདེའི་སློབ་གྲྭ་མཉམ་དུ་སྐྲུན།
འདི་ནི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
འདི་ནི་འགོ་ཚུགས་མཛད་སྒོའི་ཐོག་སློབ་མ་ཚོ་གཅིག་རྗེས་གཉིས་མཐུད་ངང་སྦྱོང་བརྡར་ལ་ཞུགས་བཞིན་པ།
སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སློབ་ཕྱིའི་བྱེད་སྒོའི་ཐོན་ཁུངས་ཡག་པོ་ལོ་ཆུང་གདོང་ལེན་རུ་མིར་མཁོ་འདོན་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་མི་ལུས་བདེ་འཇགས་ཀྱི་ཉེན་ཟོན་འདུ་ཤེས་ཟབ་ཏུ་བཏང་ནས། རང་བྱུང་གནོད་འཚེ་འཕྲད་སྐབས་གཞོན་ནུ་ལོ་ཆུང་ཚོའི་རང་སྐྱོབ་དང་ཕན་ཚུན་སྐྱོབ་རོགས་དང་ཉེན་གཡོལ་གྱི་འཇོན་ཐང་ཆེ་རུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་རང་སྲུང་སློབ་གསོ་ཁྱབ་གདལ་གཏོང་བའི་རྣམ་གྲངས་ཀྱི་ལག་བསྟར་མཛད་སྒོ་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་གཉེར་བ་རེད།
ལག་བསྟར་མཛད་སྒོའི་ཐོག་གཞོན་ནུ་དང་བླངས་རོགས་སྐྱོབ་རུ་ཁག་གི་འབྲེལ་ཡོད་མི་སྣས་དགེ་སློབ་ཚོར་གློ་སྙིང་སླར་སོས་བྱ་ཐབས་ཀྱི་ཞིབ་ཕྲའི་གོ་རིམ་བསླབས་པ་དང་འབྲེལ། གློ་སྙིང་སླར་སོས་བྱ་ཐབས་སྤྱོད་དགོས་པའི་གནས་ཚུལ་དང་དོ་སྣང་བྱེད་དགོས་པའི་དོན་གནད་གསལ་འགྲེལ་བྱས་པ་རེད། ལག་ལེན་བསྟར་བའི་བརྒྱུད་རིམ་ནང་། རོགས་སྐྱོབ་རུ་ཁག་གི་འཆད་ཁྲིད་དགེ་རྒན་གྱིས་སློབ་མ་ཚོར་འགྱིག་མི་སྤྱད་དེ་བཀོལ་སྤྱོད་སྦྱོང་བརྡར་བྱས་ནས། དྲན་པ་ཡོད་མེད་དང་། རང་བརྟེན་དབུགས་འབྱིན་རྔུབ་ཐུབ་མིན། བྲང་ཕྱིའི་སྙིང་ཁམས་གནོན་ཐབས་སོགས་བརྡར་གཅོད་བྱེད་ཐབས་གསལ་པོར་བཤད་ཅིང་། སློབ་མ་ཚོ་ས་ཡུལ་དངོས་ཀྱི་སྦྱོང་བརྡར་ལ་ཧུར་ཐག་ཞུགས་ནས་སྦྱོང་བརྡར་བྱ་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།