དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུགས་ལན་འདེབས་མཁན་ལས་དོན་པའི་གྱོད་སྒྲུབ་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་2023ལོ་འཁོར་གྱི་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུགས་ལན་འདེབས་མཁན་ལས་དོན་པའི་གྱོད་སྒྲུབ་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ནན་ཅིང་སློབ་ཆེན་དུ་གཉེར་བ་རེད། གསོ་སྦྱོང་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི་ལྗོངས་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུགས་ལན་འདེབས་མཁན་གྱི་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་དང་ལས་སྒོའི་འཇོན་ཐང་སྔར་བས་ཆེ་རུ་བཏང་ནས། ཆེད་ལས་ཅན་དང་ལས་རིགས་ཅན་གྱི་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུགས་ལན་འདེབས་མཁན་དཔུང་ཁག་ཅིག་ཧུར་ཐག་འཛུགས་སྐྱོང་བྱས་ཏེ། ལྗོངས་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུགས་ལན་འདེབས་པའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དེ་རེད།

    གསོ་སྦྱོང་འཛིན་གྲྭར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་དང་། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ཁྲིམས་སྐྱོང་སྲིད་གཞུང་ཞིབ་འཇུག་ཁང་། ནན་ཅིང་སློབ་ཆེན་ཁྲིམས་རིག་པའི་སློབ་གླིང་། པེ་ཅིང་ཀོན་ཐའོ་ཀྲུང་མའོ་ཁྲིམས་རྩོད་པའི་ལས་དོན་ཁང་། ཅང་སུའུ་ཞིང་ཆེན་ཁྲིམས་འཛིན་ཐིང་། ཅང་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་དེ་སྔའི་འདྲི་གཅོད་ཨུ་ལྷན་སོགས་ཀྱི་རིགས་གཅིག་མཁས་ཅན་དང་། མཁས་དབང་། དགེ་རྒན་ཆེ་མོ་བ་9གདན་དྲངས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཀྱི་གསལ་འགྲེལ། སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ལག་བསྟར་གྱི་གཙོ་གནད་དང་དཀའ་གནད། སྲིད་གཞུང་གི་ཉོ་སྒྲུབ་ཞུ་གཏུག་དང་ཐེར་འདོན་གོང་ཞུ། སྲིད་འཛིན་གྲོས་མཐུན། སྲིད་འཛིན་ཆད་གཅོད། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས། ལས་རྨས་ངོས་འཛིན། སྲིད་འཛིན་གཏུགས་ལན་འདེབས་པའི་ཁྱབ་ཁོངས་བཅས་ལ་དམིགས་ཏེ་ཆེད་དོན་སློབ་ཁྲིད་བྱས་པ་རེད།

    ད་དུང་གསོ་སྦྱོང་འཛིན་གྲྭས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་ཚན་གྲོལ་རྗེས་ཀྱི་སྤེལ་རེས་བགྲོ་གླེང་བཀོད་སྒྲིག་བྱས་ཤིང་། གསོ་སྦྱོང་ལ་ཞུགས་མཁན་སློབ་མ་ཚོས་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ལ་བཟོ་བཅོས་དང་། སྲིད་འཛིན་བསྐྱར་གྲོས་ཀྱི་སྟབས་བདེའི་གོ་རིམ། སྲིད་འཛིན་གྲོས་ཆོད་ཀྱི་གྱོད་གཞི་བཅས་ཀྱི་བརྗོད་དོན་གསུམ་ལ་དམིགས་ནས། སློབ་ཁྲིད་ཀྱི་ནང་དོན་དང་། རང་སོ་སོའི་རྒྱུན་གཏན་གྱི་ཉམས་མྱོང་དང་བྱ་ཐབས། གནད་དོན་དང་བྱ་ཐབས་བཅས་དང་ཟུང་འབྲེལ་གྱིས་གཏམ་བཤད་ཧུར་ཐག་སྤེལ་ཏེ་མྱོང་ཚོར་ཤོད་པ་དང་། ངོས་འཛིན་གླེང་བ། བསམ་ཕྱོགས་འདོན་པ། གྲོས་འགོ་འདོན་པ། ཕན་ཚུན་བློ་སྒོ་འབྱེད་པ། སྐྱོན་སྤངས་དགེ་སྒྲུབ་བཅས་བྱས་པས་ཐུན་མོང་གི་ངོས་འཛིན་ཁག་གཅིག་གྲུབ་ཡོད། གསོ་སྦྱོང་ལ་ཞུགས་མཁན་སློབ་མ་ཚོས། ད་ཐེངས་ཀྱི་གསོ་སྦྱོང་ནང་གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཀྱི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། གྱོད་གཞི་སྒྲུབ་ཐབས་མངོན་གསལ་དོད་པ། གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་པ། ནང་དོན་དོན་དངོས་དང་འཚམ་པ། དམིགས་སའི་རང་བཞིན་ཆེ་བ་བཅས་ཡོད་པས་སློབ་ཚན་ཉན་རྗེས་ཕན་པ་ཆེན་པོ་ཐོབ་པ་མ་ཟད། སླད་ཕྱིན་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། གྱོད་གཞི་སྒྲུབ་ནུས་ཆེ་རུ་གཏོང་བ། གྱོད་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།