ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་གནས་སྐབས་ཚོད་འཛིན་བ་3རྩད་ཆོད་པ།
ཉེ་དུས། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་ལས་ཀའི་འགན་འཁྲི་སྔར་བས་ཆེ་རུ་བཏང་ནས་ཉེན་རྟོག་པ་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་དང་ཞིབ་བཤེར་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་་ནས་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་ཞིབ་བཤེར་ཚོད་འཛིན་བྱ་ཐབས་ཁག་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་བདེ་འཇགས་བརྟན་ལྷིང་གི་སྲུང་བཅད་བརྟན་པོ་བསྐྲུན་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
ཟླ་10ཚེས་3ཉིན་གྱི་ཆུ་ཚོད་12ཙམ་ལ། མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་ཀྱི་ལས་རེས་མི་དམངས་ཉེན་རྟོག་པས་འཆར་ཅན་ཞིབ་བཤེར་བྱེད་སྐབས་ལིའུ་ཆེ་གེ་མོ་ནི་རིམ་པ་གཉིས་པའི་གནས་སྐབས་ཚོད་འཛིན་བ་ཡིན་པ་ཤེས་རྟོགས་བྱུང་བས་མི་དམངས་ཉེན་རྟོག་པས་ས་ཆ་དེ་རང་དུ་ཁོ་པར་ཚོད་འཛིན་བྱས་ཤིང་། མིག་སྔར་ཁྲིམས་ལྟར་འབྲེལ་ཡོད་ཚན་པར་རྩིས་སྤྲད་ཡོད་པ་རེད།
ཟླ་10ཚེས་5ཉིན་གྱི་ཆུ་ཚོད་18ཙམ་ལ། མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིཌ་ཀྱི་ལས་རེས་མི་དམངས་ཉེན་རྟོག་པས་འཆར་ཅན་ཞིབ་བཤེར་བྱེད་སྐབས། ཚུའེ་ཆེ་གེ་མོ་ནི་རིམ་པ་དང་པོའི་གནས་སྐབས་ཚོད་འཛིན་མི་སྣ་ཡིན་པ་ཤེས་རྟོགས་བྱུང་བས་མི་དམངས་ཉེན་རྟོག་པས་ས་ཆ་དེ་རང་དུ་ཁོ་པ་ཚོད་འཛིན་བྱས་ཤིང་། མིག་སྔར་ཁྲིམས་ལྟར་འབྲེལ་ཡོད་ཚན་པར་རྩིས་སྤྲད་ཡོད་པ་རེད།
ཟླ་10ཚེས་6ཉིན་གྱི་ཆུ་ཚོད་19ཙམ་ལ། མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིཌ་ཀྱི་ལས་རེས་མི་དམངས་ཉེན་རྟོག་པས་འཆར་ཅན་ཞིབ་བཤེར་བྱེད་སྐབས། ཏེང་ཆེ་གེ་མོ་ནི་རིམ་པ་གཉིས་པའི་གནས་སྐབས་ཚོད་འཛིན་བ་ཡིན་པ་ཤེས་རྟོགས་བྱུང་བས་མི་དམངས་ཉེན་རྟོག་པས་ས་ཆ་དེ་རང་དུ་ཁོ་པ་ཚོད་འཛིན་བྱས་ཤིང་། མིག་སྔར་ཁྲིམས་ལྟར་འབྲེལ་ཡོད་ཚན་པར་རྩིས་སྤྲད་ཡོད་པ་རེད།