བར་ཐག་ཉེ་པོས་མེ་ཟོན་ཤེས་བྱར་རྒྱུས་ལོན་བྱེད་པ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་སློབ་འབྲིང་གི་དགེ་སློབ་58མཉམ་དུ་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་དམག་སྒར་དུ་བསྐྱོད་ནས། བར་ཐག་ཉེ་པོས་མེ་ཟོན་རོགས་སྐྱོབ་མི་སྣའི་འཚོ་བ་ཉམས་ལེན་དང་། མེ་ཟོན་རུ་མིའི་ས་ནས་འཕྲལ་སྡོམ་ཤེས་བྱ་སློབ་སྦྱོང་བྱས་པ་རེད། བྲག་ཡིབ་སློབ་འབྲིང་གི་སློབ་མ་བཀྲ་ཤིས་ཕུན་ཚོགས་ཀྱིས“ཐེངས་འདིའི་བྱེད་སྒོ་བརྒྱུད། ངས་མེ་ཟོན་རུ་མིའི་འཚོ་བར་དེ་བས་རྒྱུས་ལོན་ཐུབ་བྱུང་ལ། ཁོང་ཚོའི་སྤྲོ་སེམས་དང་དཀའ་ཚེགས་ཀྱང་དངོས་འབྲེལ་ཚོར་བྱུང་། ངས་དེ་རིང་རྟོགས་པའི་ཤེས་བྱ་དག་གཉེན་ཉེ་དང་གྲོགས་པོར་བརྒྱུད་ཁྲིད་ཀྱིས། མི་ཚང་མ་ནགས་ཚལ་སྲུང་སྐྱོང་ནང་ཞུགས་རྒྱུར་སྐུལ་སློང་བྱས་ནས་ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་པར་འགྱུར་བའི་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་བརྗོད། འདི་ནི་སློབ་མས་ཆུ་ཁོངས་རོགས་སྐྱོབ་སྒྲིག་ཆས་ལ་ལྟ་བཞིན་པ།