དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་རང་སྐྱོང་ལྗོངས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བཀའ་རྒྱ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-24

    ཉེ་ཆར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་2023ལོའི་དགུན་དུས་ནས་2024ལོའི་དཔྱིད་དུས་བར་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀའ་རྒྱ་ཁྱབ་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་དགུན་དུས་ནས་2024ལོའི་དཔྱིད་དུས་བར་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་ཚོད་2023ལོའི་ཟླ་10ཚེས་1ཉིན་ནས་2024ལོའི་ཟླ་5ཚེས་31ཉིན་བར་ཡིན་པ་དང་། སྔར་ལོ་དང་བསྡུར་ན་ད་ཐེངས་ཉིན་45སྔ་བ་ཡོད་པ་རེད། དེའི་ནང་2023ལོའི་ཟླ་12ཚེས་15ཉིན་ནས་2024ལོའི་ཟླ་4ཚེས་30ཉིན་བར་ནི་མེ་ཟོན་དུས་ཚོད་འགག་རྩ་ཡིན་པ་རེད།

    མེ་ཟོན་དུས་ཚོད་ཀྱི་གཏན་འབེབས་ལྟར་ནགས་ཚལ་དང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འགག་གནད་དང་། རང་བྱུང་སྲུང་སྐྱོང་ཁུལ། ནགས་ཚལ་སྤྱི་གླིང་། མཛེས་ལྗོངས་ཁུལ་སོགས་ཀྱི་ཐོན་སྒོ་དང་འཛུལ་སྒོར་ཞིབ་བཤེར་ས་ཚིགས་བཙུགས་ནས་ཆེད་མངགས་མི་སྲུང་མཁན་བཞག་སྟེ་རི་རྒྱ་མེ་ཟོན་དང་། མི་འཛུལ་ཐོ་འགོད། མེ་སོན་གཞུང་བཞེས། གཙོ་གནད་ལྟ་སྐུལ་ཚོད་འཛིན་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་མེ་སྤྱོད་ཞིབ་མཆན་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ནགས་ཁུལ་གྱི་ཁྱབ་ཁོངས་སུ་མེ་གཏོང་སྐབས་ངེས་པར་དུ“གཏན་འགོག་བཅུ”(ནགས་ཁུལ་དུ་མེ་བཏང་ནས་ཁ་ལག་བཟོ་མི་ཆོག་པ་དང་། མེ་བཏང་ནས་དྲོད་ལེན་ཐབས་བྱ་མི་ཆོག་པ། བདུག་རྫས་བདུག་མི་ཆོག་པ། ཉི་ཐབ་སྤྱོད་མི་ཆོག་པ། ཐ་མག་འཐེན་མི་ཆོག་པ། རྔོན་རྒྱག་མི་ཆོག་པ། ཤིང་གཅོད་མི་ཆོག་པ། མེ་ཕུང་དགོང་ཚོགས་འཚོག་མི་ཆོག་པ། རྫས་མེ་དབོར་མི་ཆོག་པ། རྫས་མེ་སྤོར་བ་དང་མེ་མདའ་རྒྱག་མི་ཆོག་པ་བཅས)ལག་བསྟར་བྱེད་དགོས། ཆོག་མཆན་མེད་པར་མེ་ཟོན་ས་ཁོངས་སུ་རང་དགར་མེ་གཏོང་མཁན་ལ་འབྲེལ་ཡོད་གཏན་འབེབས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་ཀྱི་ཡོད།

    ཉེ་དུས་མེ་ཟོན་བཀའ་རྒྱའི་བླང་བྱ་གཞིར་བཟུང་། བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་བཀོད་སྒྲིག་ཞིབ་ཚགས་དང་། གོང་འོག་མཉམ་སྒུལ། ཕྱོགས་མང་མཉམ་རོགས། མ་བྱུང་སྔོན་འགོག་བཅས་བྱས་ཏེ་ལས་སྒྲུབ་ཡན་ལག་རུ་ཁག་20ལྷག་ཙམ་བཏང་ནས་ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)མང་པོར་མེ་ཟོན་ཆེད་དོན་བྱ་སྤྱོད་དུས་གཅིག་ཏུ་སྤེལ་བ་དང་ནགས་ཚལ་མེ་ཟོན་དྲིལ་བསྒྲགས་དང་མེ་གསོད་སྒྲིག་ཆས་བཀོལ་སྤྱོད་ཀྱི་ཕྱོགས་བསྡུས་ནང་སྦྱོང་སོགས་ཀྱི་བྱེད་སྒོར་ཤུགས་སྣོན་བརྒྱབ་སྟེ་མེ་ཟོན་གྱི་སྲུང་ཡོལ་བརྟན་པོ་བསྐྲུན་ནས་བོད་ཀྱི་སྔོ་ལྗང་རི་ཀླུང་སྲུང་སྐྱོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།