དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་བོད་ལྗོངས་ས་གཤིས་བརྟག་དཔྱད་ཁང་དུ་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-20

    ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན(གཤམ་དུ“དམིགས་བསལ་ལས་སྒྲུབ་རུ་ཆེན”ཞེས་བསྡུ་རྒྱུ)གྱིས་བོད་ལྗོངས་ས་གཤིས་བརྟག་དཔྱད་ཁང་དུ་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ཚན་པའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་འདི་རེད།

    བྱེད་སྒོ་སྤེལ་རིང་། དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་དྲིལ་བསྒྲགས་མི་སྣས་རྒྱུན་མཐོང་དང་ཐོན་སླ་བའི་མེ་སྐྱོན་གྱི་སྣ་མང་ཅན་དང་རྙོག་འཛིང་ཅན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། དཔེ་མཚོན་གྱི་མེ་སྐྱོན་གནས་ཚུལ་བརྒྱུད། མེ་སྐྱོན་གྱི་ཉེན་ཁའི་རང་བཞིན་དང་སྔོན་འགོག་བྱ་ཐབས་དང་། མེ་སྐྱོན་ཐོན་མ་ཐག་ནས་གསོད་ཐབས་སོགས་གཙོ་གནད་གསལ་འགྲེལ་བྱས་ཡོད། ཚན་པའི་མེ་ཟོན་བདེ་འཇགས་ཀྱི་རྒྱུན་གཏན་མེ་སྐྱོན་སྔོན་འགོག་ཞིབ་བཤེར་དང་མེ་གསོད་དང་འཕྲལ་སྡོམ་ཁ་འགྲེམས་སྔོན་ཇུས་བཟོ་བ་དང་། མེ་ཟོན་སྒྲིག་ཆས་བེད་སྤྱོད་ཇི་ལྟར་བྱེད་པ། མེ་ཤོར་རྗེས་ཁ་འགྲེམས་སྲོག་ཐར་བྱ་ཐབས་སོགས་ཀྱི་ནང་དོན་ལ་དམིགས་ནས་གསལ་འགྲེལ་ཞིབ་ཕྲ་བྱས་ཡོད། དེ་རྗེས། ད་དུང་དྲིལ་བསྒྲགས་མི་སྣས་ཐབ་ཚང་ནང་གི་ཚལ་སླང་དང་སོལ་རླངས་བླུགས་སྣོད་ལ་མེ་ཤོར་བའི་མགྱོགས་མྱུར་གསོད་ཐབས་བསླབས་པ་དང་། མེ་གསོད་ཕྱེ་སྐམ་ཡོ་ཆས་བེད་སྤྱོད་བྱེད་སྟངས་དང་དོ་སྣང་བྱེད་དགོས་རིགས་གསལ་འགྲེལ་བྱས་པ་དང་འབྲེལ་ཚན་པ་དེ་གའི་ལས་མི་སྒྲིག་འཛུགས་བྱས་ནས་དངོས་སུ་བཀོལ་སྤྱོད་བྱེད་དུ་བཅུག་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ས་གཤིས་བརྟག་དཔྱད་སོའོ་ཡི་ལས་བྱེད་པ་དང་ལས་བཟོ་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད། གོམ་སྟབས་རྗེས་མར། དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་རུ་མི་མུ་མཐུད་ཚན་པ་ཁག་དུ་བསྐྱོད་ནས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་འགོག་སྲུང་གི་འཛིང་རགས་སྔར་བས་བརྟན་དུ་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།