དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཆུ་སྒང་མཐའ་མཚམས་ཞིབ་བཤེར་ས་ཚིགས།

    ས་ཚིགས་ཆུང་ཆུང་གིས་དྲོ་སྐྱིད་ཆེན་པོ་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-17

    ཆུ་སྒང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་སྐོར་ཞིབ་བྱེད་སྐབས་ལམ་བར་དུ་བགྲེས་སོང་དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།

    སྔར་ནས་ད་བར། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཆུ་སྒང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་མང་ཚོགས་ཀྱི་དགོས་མཁོར་དམིགས་ཏེ་ཞབས་འདེགས་ཞུ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད། ལྟ་ཞིབ་ཚོམས་ཆེན་ནང་དམངས་ཕན་ཞབས་ཞུའི་ཁུལ་བཙུགས་པ་བརྒྱུད་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་འགྲུལ་པར་ཆུ་ཚ་པོ་དང་། ས་མཐོའི་རྒྱུན་མཐོང་ནད་ཀྱི་སྨནརྫས། རླངས་འཁོར་ཉམས་གསོའི་ལག་ཆ་སོགས་ཆེད་དུ་མཁོ་འདོན་བྱས་ནས་སྔར་བས་མི་གཤིས་ཅན་གྱི་གཅེས་སེམས་ཞབས་འདེགས་ཞུ་གང་ཐུབ་བྱས་ཏེ། མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་ཟབ་ཏུ་ནུས་ལྡན་བཏང་བས། མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་རེད།

    འདི་ག་ནི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཙམ་མ་ཡིན་པར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཅེས་སེམས་ས་ཚིགས་ཤིག་དེ་བས་ཀྱང་རེད།

    ཉེ་དུས། གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གུར་མ་ཤང་གི་གནམ་གཤིས་སྔར་བཞིན་ཏུའུ་0ཡས་མས་ལས་མེད་པ་མ་ཟད་ད་དུང་མཚམས་རེ་གངས་མ་ཆར་ཡང་འབབ་ཀྱི་ཡོད།

    ཆུ་སྒང་མཐའ་མཚམས་ཞིབ་བཤེར་ས་ཚིགས་གནས་སའི་ས་བབ་མཐོ་ཚད་སྨི་4600ཡོད་ལ་དེ་ནི་གམ་པ་རྫོང་དུ་སྐྱོད་པའི་འགག་མདོ་ལྟ་བུ་ཡིན་པས། དེ་གར་བཅའ་སྲུང་བྱེད་མཁན་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས“རླངས་འཁོར་སླེབས་ན་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ་དང་། མི་སླེབས་ན་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ། དོགས་པ་ཡོད་ན་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པའི”རྩ་དོན་ལ་ནན་པོར་གཞིགས་ཐོག་མཐའ་མཚམས་དོ་དམ་ཁུལ་ནས་འཛུལ་གྲོལ་བྱེད་མཁན་གྱི་མི་དང་རླངས་འཁོར་ཚང་མར་ཆུ་ཚོད་24རིང་གི་སྔོག་བཤེར་འཛིན་བཟུང་ལམ་སྲོལ་ལག་བསྟར་བྱས་ནས་མཐའ་གཅིག་ཏུ“མི་དང་འཁོར་རིགས་གཅིག་ཀྱང་མི་ལུས་པར”བྱས་པ་རེད།

    ས་རུབ་ཀྱང་ལས་སྒྲུབ་བྱ་ཡུལ་གྱི་གློག་སྒྲོན་སྔར་བཞིན་སྦར་ཞིང་འཁོར་སྒྲ་ལྡིར་ལྡིར་གྲགས། ཀྲན་ཀྲང་གཞོན་པ་བློ་བཟང་བྱམས་པ་དང་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ལག་བཞུ་སྤར་ནས་མཐའ་མཚམས་དོ་དམ་ཁུལ་ནས་འཛུལ་གྲོལ་བྱེད་མཁན་གྱི་མི་དང་རླངས་འཁོར་རེ་རེ་བཞིན་ལ་འདྲི་རྩད་བྱེད་པ། ལག་ཁྱེར་ལ་ལྟ་ཞིབ་བྱེད་པ། དངོས་ཟོག་ལ་ཞིབ་བཤེར་སོགས་ཞིབ་ཚགས་ནན་པོ་བྱས་ཏེ་མཐའ་མཚམས་དོ་དམ་ཁུལ་ནས་འཛུལ་གྲོལ་བྱེད་མཁན“མི་སུ་ཡིན་པ་གསལ་པོར་ཤེས་པ་དང་། དངོས་ཟོག་ཁྲིམས་མཐུན་ལུགས་མཐུན་ཡིན་པ། རླངས་འཁོར་བདེ་འཇགས་ཡིན་པའི”འགན་ལེན་བྱེད་ཀྱི་ཡོད་པ་རེད།

    “གཞིས་རྩེ་ནས་ལྷ་རྩེ་རྫོང་གི་མཚོ་ལའི་དབར་གྱི་ལམ་དུམ་ཉམས་གསོའི་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་བསྟུན་ནས། ང་ཚོ་ཞིབ་བཤེར་ས་ཚིགས་ནས་འཛུལ་གྲོལ་བྱེད་མཁན་གྱི་མི་དང་རླངས་འཁོར་ཡང་ཉིན་ལྟར་ཇེ་མང་དུ་ཕྱིན་པས། ང་ཚོས་སྔོག་བཤེར་འཛིན་བཟུང་ནན་པོ་དང་ཞབས་འདེགས་ཡག་པོ་ཞུས་ནས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་གི་མེད”ཅེས་བློ་བཟང་བྱམས་པས་བཤད།

    སྤྱིར་བཏང་གི་གནས་ཚུལ་འོག ཆུ་སྒང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཉིན་རེའི་ཆ་སྙོམས་འགྲུལ་རྒྱུན་མི་ཐེངས་2000ཡས་མས་ཡིན་ཡང་ཉེ་ཆར་མི་ཐེངས་4000ཡན་བར་མང་དུ་ཕྱིན་པས། མི་དམངས་ཉེན་རྟོག་པས་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་བདེ་འཇགས་བརྟན་ལྷིང་ཡོང་བར་བྱས་ཡོད།

    འདི་གར་བཅའ་སྲུང་བྱེད་མཁན་གྱི་མི་དམངས་ཉེན་རྟོག་པའི་ཆ་སྙོམས་ལོ་ཚད་26ལས་ཟིན་གྱི་མེད། ཁོང་ཚོས་མེས་རྒྱལ་ལ་དྲིན་ལན་འཇལ་བའི་སེམས་པ་བཅངས་བཞིན་ཕྱོགས་བཞི་མཚམས་བརྒྱད་ནས་དེ་གར་འཛོམས་པ་དང་། ཁོང་ཚོས་ཕ་ཡུལ་གཉིས་པར་འབད་འཐབ་ལ་བརྟེན་ནས་ལང་ཚོའི་གླུ་གཞས་ལེན་བཞིན་ཡུལ་ཕྱོགས་གཅིག་གི་ས་ཆ་དང་མི་དམངས་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།