དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྟོན་བསྡུའི་དུས་ཚིགས་སུ་མེ་ཟོན་དང་བླངས་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-17

    འདི་ནི་མེ་ཟོན་དང་བླངས་པས་ཞིང་ལས་བྱེད་རོགས་བྱེད་བཞིན་པ།

    འདི་ནི་མེ་ཟོན་དྲིལ་བསྒྲགས་པས་ཞིང་པར་མེ་ཟོན་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    འདི་ནི་མེ་ཟོན་དང་བླངས་པས་ཞིང་པར་ཆུ་འབྲས་དབོར་རོགས་བྱེད་བཞིན་པ།

    ཉེ་དུས་བོད་ཀྱི་རིམ་ཁག་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ”ཅེས་པའི་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། མེ་ཟོན་དང་བླངས་པ་དང་དྲིལ་བསྒྲགས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་ཀྱིས་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཞིང་པར་སྟོན་བསྡུ་བྱེད་རོགས་བྱས་ནས། ཞིང་དུད་ཁྱིམ་ཚང་ཁག་གཅིག་གི་ངལ་རྩོལ་ནུས་ཤུགས་མི་འདང་བའི་གནད་དོན་ཐག་གཅོད་བྱས་ཏེ་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་འབྲུ་མཛོད་ནང་བླུགས་ཐུབ་པའི་འགན་ལེན་བྱས་ཡོད།

    སྟོན་བསྡུའི་བར་གསེང་དུ་མེ་ཟོན་དྲིལ་བསྒྲགས་པས་སྟོན་བསྡུའི་ཐོན་སྐྱེད་ཀྱི་དཔེ་མཚོན་བདེ་འཇགས་ལས་འཛོལ་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ། ཞིང་པར་ཞིང་ལས་སྐྱེ་དངོས་སྐྱེལ་འདྲེན་དང་གསོག་འཇོག་གི་མེ་ཟོན་གཙོ་གནད་དང་། རྒྱུན་གཏན་ནས་ཚད་ལྡན་ངང་མེ་བེད་སྤྱོད། མེ་ཐོག་མར་གསོད་སྟངས་སོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བས་རྒྱ་ཆེའི་ཞིང་པ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།