དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་འཕྲལ་སྡོམ་འགན་སྲུང་གི་ཆེད་ལས་རྩལ་ནུས་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-17

    པར①ནི་འགྲན་བསྡུར་ཆེན་པོའི་འགོ་ཚུགས་མཛད་སྒོ་ཡིན་པ།

    པར②ནི་མེ་གསོད་རུ་མིས་ལད་ཟློས་མྱུར་སྐྱོབ་འགྲན་བསྡུར་བྱེད་བཞིན་པ།

    པར③ནི་མེ་གསོད་རུ་མིས་སྒྲིག་ཆས་ཉམས་བཟོ་འགྲན་བསྡུར་བྱེད་བཞིན་པ།

    ཉེ་དུས་བོད་རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་འཕྲལ་སྡོམ་འགན་སྲུང་གི་ཆེད་ལས་རྩལ་ནུས་འགྲན་བསྡུར་བྱས་པ་རེད།

    ཐེངས་འདིའི་འགྲན་བསྡུར་རིང་། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ཚད་མཐོའི་མཐོང་ཆེན་དང་ཇུས་འགོད་ཞིབ་ཚགས་ཀྱིས་ཕྱི་རོལ་གྱི་བཟང་བཏུང་དང་། འཕྲལ་སྡོམ་རོགས་སྐྱོབ། རླངས་འཁོར་གཏོང་བ། འཁོར་སྐྱོན་སེལ་བ། སྒྲིག་ཆས་ཉམས་བཟོ། གུར་ཕུབ་པ་བཅས་ཀྱི་རྣམ་གྲངས་ཁག་5ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་ནས་དཔུང་ཁག་གི་ཆེད་ལས་སྦྱོང་བརྡར་དང་འགན་སྲུང་ནུས་པ་འཛུགས་སྐྱོང་གི་ཕན་འབྲས་ལ་ཞིབ་དཔྱད་བྱས་ཤིང་། ཆབ་མདོའི་ཉིང་ལག་རུ་ཁག་དང་། ཉིང་ཁྲིའི་ཉིང་ལག་རུ་ཁག དམིགས་བསལ་ལས་སྒྲུབ་རུ་ཆེན། གཞིས་རྩེའི་རུ་ཆེན། ནག་ཆུའི་རུ་ཆེན། འཕྲལ་སྡོམ་འཕྲིན་གཏོང་དང་རླངས་འཁོར་ཞབས་ཞུའི་རུ་ཆེན་བཅས་ཀྱི་དཔུང་ཁག་དྲུག་གིས་འགྲན་བསྡུར་འཁྲུག་པོ་བྱས་པ་རེད།

    བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ལིའུ་དབྱི་ཆོན་གྱིས། ཐེངས་འདིའི་འགྲན་བསྡུར་ནི་2018ལོར་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་སྒྲིག་ཁོངས་སྒྱུར་བ་ནས་བཟུང་འཕྲལ་སྡོམ་འགན་སྲུང་ཆེད་ལས་རྩལ་ནུས་ཀྱི་འགྲན་བསྡུར་བྱེད་ཐེངས་དང་པོ་ཡིན། ལོ་མང་རིང་སྤྱི་ཁྱབ་རུ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཞིང་། སྦྱོང་བརྡར་དང་། འགྲན་བསྡུར། དངོས་འཐབ་བཅས་ལ་བརྟེན་ནས་འཇོན་ཐང་ཆེ་རུ་གཏོང་བ་མཐའ་འཁྱོངས་བྱས་ཏེ་རུ་མིའི་འཕྲལ་སྡོམ་རོགས་སྐྱོབ་ཆུ་ཚད་ཁྱོན་ཡོངས་ནས་ཆེ་རུ་བཏང་བ་ཡིན། ཐེངས་འདིའི་འགྲན་བསྡུར་གོ་སྐབས་སུ་བྱས་ནས་ཚང་བཤེར་ཆད་གསབ་ནན་ཏན་བྱེད་པ་དང་། འགན་འཁྲི་འཁུར་བའི་འཇོན་ཐང་ཆེ་རུ་གཏོང་བ། “དམག་རྒྱག་པ་ནི་འགན་སྲུང་ནུས་པའི་འགྲན་བསྡུར་ཞིག་ཡིན་པའི”བསམ་བློ་བརྟན་པོར་འཛུགས་པ། འགན་སྲུང་ནུས་པའི“འགྱུར་ལྡོག་གསུམ”གྱི་འདུ་ཤེས་མཐའ་འཁྱོངས། དངོས་འཐབ་དངོས་སྦྱོང་ལ་དམིགས་པ། རང་འགུལ་ངང་སྔོན་ཚུད་ནས་བསམ་བློ་གཏོང་བ། མེ་ཟོན་རོགས་སྐྱོབ་ཀྱི་དམག་གྲབས་འགན་སྲུང་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱིས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སླར་ཡང་བྱས་རྗེས་གསར་པ་འཇོག་པར་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།