དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཟུར་ཁྲིད་སློབ་ཚན་ཆེ་མོ་འཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-17

    རྒྱ་ཆེའི་བཀོད་འཐབ་པ་ཚོས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་དང་བླང་བྱ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཆེད། ལོ་འཁོར་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འཆར་འགོད་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་མེ་གསོད་རོགས་སྐྱོབ་བཀོད་འདོམས་པུའི་པུའུ་ཀྲང་གཞོན་པ་ཉི་གྲུབ་རྡོ་རྗེས“སྤུས་མཐོར་དང་ནུས་ཆེར་ཤུགས་སྣོན་དང་བླ་ན་མེད་པའི་འགན་འཁྲི་འཁུར་ཏེ་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་མེ་ཟོན་རོགས་སྐྱོབ་སྐབས་བསྟུན་དམག་ཧྲག་གཏོད་པར”དམིགས་ཏེ་སློབ་ཚན་འཁྲིད་པ་རེད།

    ཟུར་ཁྲིད་སློབ་ཚན་ཐོག་ཉི་གྲུབ་རྡོ་རྗེས“སྤུས་མཐོར་དང་ནུས་ཆེར་ཤུགས་སྣོན་དང་བླ་ན་མེད་པའི་འགན་འཁྲི་འཁུར་བའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ”དང་། “སྤུས་མཐོར་དང་ནུས་ཆེར་ཤུགས་སྣོན་དང་བླ་ན་མེད་པའི་འགན་འཁྲི་འཁུར་བའི་དོན་དངོས་ཀྱི་ཧེ་བག་ལ་ལྟ་བཤེར་ནན་ཏན་བྱེད་པ” “སྤུས་མཐོར་དང་ནུས་ཆེར་ཤུགས་སྣོན་དང་བླ་ན་མེད་པའི་འགན་འཁྲི་འཁུར་བའི་ལག་ལེན་གྱི་བླང་བྱ་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ”བཅས་ཕྱོགས་གསུམ་གྱི་ཐོག་ནས་སྤུས་མཐོར་ནུས་ཆེའི་དོན་སྙིང་གལ་ཆེན་དང་སྟངས་འཛིན་བྱེད་དགོས་པའི་དངོས་ཡོད་ཀྱི་གནད་དོན་ལ་གསལ་འགྲེལ་བྱས་པ་དང་ཆབས་ཅིག རྒྱལ་ཁབ་ཀྱི་མེ་ཟོན་རོགས་སྐྱོབ་ཀྱི་སྐབས་བསྟུན་དམག་ཧྲག་ཕྱོགས་ཡོངས་ནས་ཞུར་བརྡར་བྱེད་པའི་ཞིབ་ཕྲའི་བླང་བྱ་ཁ་གསལ་བཏོན་ཏེ། བཀོད་འཐབ་པ་ཡོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གྱི་ཐུགས་ཁུར་དང་དམིགས་བསལ་གྱི་གཟིགས་སྐྱོང་གང་ལེགས་ཚོར་བ་དང་། ཏང་དང་མི་དམངས་ཀྱི་རེ་བ་གསར་པ་དང་བླང་བྱ་གསར་པ་ཤེས་རྟོགས་ཀྱིས་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་དམག་འཐབ་ཀྱི་ཉམས་འགྱུར་ཐོག་ནས་རྒྱལ་ཁབ་ཀྱི་འཕྲལ་སྡོམ་སྟོབས་ཤུགས་འཛུགས་སྐྱོང་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།