“2023ལོའི་རྒྱལ་སྒྲོལ་ཀུང་སི་དང་ཀྲུང་གོའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ཆིང་ཏའོ་རུ་གཉེར་བ།
ཉེ་ཆར། ཚོང་དོན་པུའུ་དང་ཧྲན་ཏུང་ཞིང་ཆེན་མཉམ་དུ་གཉེར་བའི་རྒྱལ་སྒྲོལ་ཀུང་སིའི་འགོ་ཁྲིད་མི་སྣའི་ཆིང་ཏའོ་དབུ་ཚོགས་སྐབས་བཞི་པ་འགོ་ཚུགས་ཤིང་། དབུ་ཚོགས་ཀྱི་བྱེ་བྲག་འགྲེམས་སྟོན་བྱེད་སྒོ་ཞིག་ཡིན་པའི“2023ལོའི་རྒྱལ་སྒྲོལ་ཀུང་སི་དང་ཀྲུང་གོའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ནང་རྒྱལ་སྒྲོལ་ཁེ་ལས་ཀྱི་ཀྲུང་གོའི་འཕེལ་རྒྱས་འཐབ་ཇུས་དང་། མཉམ་ལས་གྲུབ་འབྲས། ལག་རྩལ་གསར་ཤོས། སྔོན་ཐོན་ཐོན་རྫས་སོགས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་འགྲེམས་ཞུགས་ཁེ་ལས་ཁྱོན་231དང་འགྲེམས་རྫས་1600ལྷག་ཙམ་ཡོད་པ་རེད། འདི་ནི་ཧྲན་ཏུང་ཆིང་ཏའོ་རུ་སྨྱན་སྦྱོར་ལས་དོན་མི་སྣས་འགྲེམས་རའི་ཕྱི་རོལ་དུ་ལས་ཀ་བྱེད་བཞིན་པ།