དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • 2023ལོའི“རྒྱལ་ཡོངས་ཀྱི་དྲ་རྒྱ་ནས་ཁྲིམས་ལུགས་ཁྱབ་གདལ་བྱ་སྤྱོད། སི་ཁྲོན་ས་ཚུགས”ཀྱི་བྱེད་སྒོ་ཁྲེང་ཏུའུ་རུ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-17

    ཉེ་ཆར། ཁྲེང་ཏུའུ་རུ“རྒྱལ་ཡོངས་ཀྱི་དྲ་རྒྱ་ནས་ཁྲིམས་ལུགས་ཁྱབ་གདལ་བྱ་སྤྱོད། སི་ཁྲོན་ས་ཚུགས”ཀྱི་བྱེད་སྒོ་གཉེར་བ་རེད། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་སུང་དང་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧྥེ་བྱེད་སྒོའི་འགོ་འཛུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།

    “རྒྱལ་ཡོངས་ཀྱི་དྲ་རྒྱ་ནས་ཁྲིམས་ལུགས་ཁྱབ་གདལ་བྱ་སྤྱོད”ཀྱི་བྱེད་སྒོ་རབ་དང་རིམ་པ་ནི། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་དྲ་འཕྲིན་ཁོངས་གཏོགས་ཀྱི“ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་གྱི་འཆར་འགོད་ལ་སྐུལ་སྤེལ་གཏོང་ཆེད་གཟབ་ནན་ངང་བཏོད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོའི་སྤུས་རྟགས་ཤིག་ཡིན། བྱེད་སྒོ་རབ་དང་རིམ་པ་དེ་ད་ལོའི་ཟླ་2པ་ནས་བཟུང་ཀྲེ་ཅང་དང་། ཀོང་ཤིས། ཅང་ཤིས། ཧེ་ལུང་ཅང་། སི་ཁྲོན་བཅས་ཞིང་ཆེན་ལྔ་རུ་སྔ་རྗེས་སུ་སྤེལ་བ་རེད།

    “རྒྱལ་ཡོངས་ཀྱི་དྲ་རྒྱ་ནས་ཁྲིམས་ལུགས་ཁྱབ་གདལ་བྱ་སྤྱོད། སི་ཁྲོན་ས་ཚུགས”ནི་ད་ལོའི་བྱེད་སྒོ་རབ་དང་རིམ་པའི་མཇུག་བསྡུའི་ས་ཚུགས་ཡིན་ལ། དྲ་རྒྱ་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བརྙན་ཐུང་འགྲན་བསྡུར་ཆེ་མོ་དང་། ལེགས་བཤད་འཚོལ་བསྡུ། དྲ་སྦྲེལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱའི་འགྲན་སློང་འགྲན་བསྡུར་སོགས་དྲ་ཐོག་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་དང་། “དྲ་རྒྱའི་ཁྲིམས་ལུགས་ཁྱབ་གདལ་སེམས་པ་གཅིག”དང་། ཐོ་འགོད་ཉམས་ལེན། བརྗོད་དོན་གཙོ་བོའི་འགྲིམ་འགྲུལ་ལམ་ཐིག་སོགས་དྲ་ཕྱིའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ། དེ་བཞིན་སློབ་གྲྭ་དང་། ཁེ་ལས། དྲ་ཚིགས། ལས་ཁུངས་བཅས་སུ་ཁྱབ་པ་སོགས་ཀྱི་ཞིང་ཆེན་ཡོངས་ཀྱི“ཁྱབ་པ་བརྒྱད”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་བྱས་ནས་སྤེལ་རྒྱུ་དང་། བྱེད་སྒོའི་སྐབས་ད་དུང“རྒྱལ་ཡོངས་ཀྱི་དྲ་རྒྱ་ནས་ཁྲིམས་ལུགས་ཁྱབ་གདལ་བྱ་སྤྱོད”ཀྱི་བྱེད་སྒོ་རབ་དང་རིམ་པའི་ཕྱོགས་སྡོམ་གྱི་བཞུགས་མོལ་ཚོགས་འདུ་འཚོག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།