དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ནད་པའི་བདེ་ཐང་གི་ཆེད་དོན་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-17

    ནད་པའི་བདེ་ཐང་ཁེ་དབང་སྲུང་སྐྱོང་དང་ནད་པའི་བདེ་འཇགས་འགན་ལེན་བྱ་ཆེད། ཉིན་ཤས་གོང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《ནད་པའི་བདེ་འཇགས་ཀྱི་ཆེད་དོན་བྱ་སྤྱོད་ཇུས་གཞི(2023ལོ་ནས་2025ལོ་བར)》བཀྲམ་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་སྨན་བཅོས་སྒྲིག་གཞིའི་ནད་པའི་བདེ་འཇགས་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་ནད་ཐོག་སྨན་བཅོས་ཀྱི་ལུགས་མཐུན་དང་སྨན་སྤྱོད་པའི་ཆུ་ཚད་དང་ནད་བརྟག་སྨན་བཅོས་ཀྱི་ཚད་ལྡན་རང་བཞིན་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་། སྨན་ཁང་དུ་སྡོད་པའི་ཉེན་ཁ་ཆུང་བའི་ནད་རིགས་ཀྱི་ནད་པ་ཤི་ཚད་མུ་མཐུད་ཅུང་དམའ་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་པ་དང་། ཚབས་ཆེ་བའི་ནད་ཐོན་ཚད་མངོན་གསལ་དོད་པོས་ཆག་ཡོད། འོན་ཀྱང་ནད་པའི་བདེ་ཐང་དོ་དམ་ནུས་པ་དང་དོ་དམ་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས་པ་དང་། སྨན་དོན་མི་སྣས་རང་འགུལ་ངང་ཚུལ་མིན་གྱི་དོན་རྐྱེན་སྙན་སེང་ཞུ་ཐེངས་དང་སྨན་ཁང་གི་ཐོབ་པའི་རང་བཞིན་གྱི་དམིགས་ཚད་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཡོད། དེར་བརྟེན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“ནད་པའི་བདེ་ཐང་གི་ཆེད་དོན་བྱ་སྤྱོད”དེ《སྨན་བཅོས་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བའི་བྱ་སྤྱོད་འཆར་གཞི(2023ལོ་ནས་2025ལོ་བར)》གྱི་ཡན་ལག་བྱ་སྤྱོད་ལ་བརྩི་རྒྱུ་ཡིན་པ་རེད།

    《ཇུས་གཞིའི》ནང་། ལོ་གསུམ་གྱི་དུས་ཚོད་སྤྱད་དེ་ནད་པའི་བདེ་ཐང་དོ་དམ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་ལམ་སྲོལ་ཤར་བགྲོད་ཡོང་བ། སྨན་བཅོས་བརྒྱུད་རིམ་དང་དེ་བཞིན་སྨན་ཁང་ཁོར་ཡུག་ནང་གི་ཉེན་ཁ་སྣ་ཚོགས་དུས་ཐོག་ཏུ་སེལ་བ། ནད་པ་སྨན་ཁང་དུ་སྡོད་རིང་དགོས་མེད་ཀྱི་གནོད་འཚེ་ཕོག་ཚད་ཉུང་དུ་གཏོང་གང་ཐུབ་བཅས་བྱས་ནས་ནད་པའི་བདེ་འཇགས་འགན་ལེན་བྱེད་དགོས་ལུགས་སོགས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།