དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་རྐུ་རྒྱག་གྱོད་གཞི་མང་པོ་ཞིག་གྲུབ་འབྲས་ཐོབ་པའི་ངང་རྩད་བཅད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-17

    འདི་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་3བཟུང་བའི་གནས་ཚུལ་ཡིན་པ།

    དུས་ཚིགས་རང་བཞིན་གྱི་བདེ་འཇགས་རྡུང་རྡེག་དང་བཅོས་སྒྲིག་ལས་དོན་སྤེལ་རྒྱུའི་སྐོར་གྱི་སྤྱི་བདེ་པུའུ་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་བཅས་ཀྱི་ཞིབ་ཕྲའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་རང་འཁྲིའི་ལས་འགན་ལ་གཞི་ཚུགས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གནད་སྨིན་ཤུགས་འདོན་གྱིས་སྤྱི་ཚོགས་བདེ་འཇགས་དོ་དམ་དང་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་ནས་རྐུ་རྒྱག་གྱོད་གཞི་མང་པོ་ཞིག་བསྟུད་མར་རྩད་བཅད་པ་དང་། གྱོང་གུན་སྒོར་ཁྲི་23ལྷག་ཙམ་མི་ཕོག་པར་བྱས་པ། སྤྱི་ཚོགས་ཁོར་ཡུག་གཙང་དུ་ནུས་ལྡན་བཏང་བ་བཅས་རེད།

    གྱོད་གཞི་དང་པོ། ཁེ་ལས་ཀྱི་ངར་ལྕགས་རྒྱུ་ཆ་བརྐུས་པ་དང་། གྱོད་གཞི་རྩད་ཆོད་པ། དངོས་ཟོག་ཚང་མ་ཚུར་བླངས་པ།

    2023ལོའི་ཟླ་9ཚེས་6ཉིན། བྲག་གཡབ་རྫོང་འཁོར་རྭ་ཤང་ཀྲུང་གོ་ལྕགས་ལམ་ཅུས་བརྒྱད་པའི་ཡན་ལག་པུའུ་ཡིས་འཁོར་རྭ་མངགས་གཏོང་ཁང་ལ“ང་ཚོའི་ཚན་པའི་ངར་ལྕགས་རྒྱུ་ཆ་ཏུན་3ལྷག་ཙམ་བརྐུས་འདུག”ཅེས་ཉེན་དོན་སྙན་སེང་ཞུས་པ་རེད། ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཕྲལ་མར་མངགས་གཏོང་ཁང་དང་མཉམ་དུ་བརྟག་དཔྱད་དཔང་ལེན་དང་ཁུངས་སྣེ་མཐིལ་རྟོགས་བྱས་ནས་ཉེས་གསོག་དོཌ་ཅན་ལུའེ་ཆེ་གེ་མོ་འཕྲལ་དུ་གཏན་འཁེལ་བྱས་པ་དང་འབྲེལ་བཟུང་ཞིང་། སྒོར་6900ལྷག་ཙམ་རི་བའི་ངར་ལྕགས་རྒྱུ་ཆ་ཚང་མ་ཚུར་བླངས་པ་རེད།

    གྱོད་གཞི་གཉིས་པ། ཕན་འབྲས་ཆེན་པོས་མཉམ་སྒྲུབ་ཞིབ་བཤེར་བྱེད་པ་དང་། ཉིན་ཤས་བསྟུད་མར་འབད་འཐབ་བྱས་པ། ཉེས་གསོག་དོགས་ཅན་གྲུབ་འབྲས་ཐོབ་པའི་ངང་བཟུང་བ།

    ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སྤྱི་བདེ་ཅུས་ཀྱིས་མྱུལ་ཞིབ་མཐུན་སྦྱོར་བྱ་རྒྱུའི་རེ་ཞུ་བྱས་པར་ལྟར་2023ལོའི་ཟླ་9ཚེས་8ཉིན་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཁོར་རྭ་མངགས་གཏོང་ཁང་དང་མཉམ་དུ་ཉིན་མཚན་གཉིས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་གཉིས་གྲུབ་འབྲས་ཐོབ་པའི་ངང་བཟུང་བ་དང་། ཟོག་འདྲེན་རླངས་འཁོར་དང་ཉེས་གསོག་ཡོ་བྱད་གཅིག་བཀག་ཉར་བྱས་པ། དཔའ་ཤོད་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་གཞོགས་འདེགས་བྱས་ནས“8.25”རྐུ་རྒྱག་གྱོད་གཞི་རྩད་བཅད་དེ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་10ལྷག་ཙམ་མི་ཕོག་པར་བྱས་པ་རེད།

    གྱོད་གཞི་གསུམ་པ། མྱུར་ཞིབ་མྱུར་སྒྲུབ་བྱས་ནས་ཉེས་གསོག་དོགས་ཅན་3བཟུང་བ།

    2023ལོའི་ཟླ་9ཚེས་20ཉིན་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་བཀོད་འདོམས་ལྟེ་གནས་ཀྱི་ཉེན་དོན་སྙན་སེང་འབྱོར་ནས། “མེ་ཟོན་རུ་ཆེན་གྱི་རྒྱབ་ཕྱོགས་རླངས་འཁོར་འཇོག་སར་རྐུ་རྒྱག་གྱོད་གཞི་ཞིག་ཐོན་འདུག”ཅེས་བཤད་པ་དང་། ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཕྲལ་མར་མི་དམངས་ཉེན་རྟོག་པ་མངཌ་ནས་ས་གནས་ས་ཐོག་ཏུ་བརྟག་དཔྱད་དཔང་ལེན་བྱས་ཏེ་ཉེས་གསོག་དོགས་ཅན་སྐལ་ཆེ་གེ་མོ་དང་། སྟོབས་ཆེ་གེ་མོ། ཡེ་ཆེ་གེ་མོ་བཅས་གྲུབ་འབྲས་ཐོབ་པའི་ངང་གཏན་འཁེལ་བྱས་པ་རེད། དེ་རྗེས་2023ལོའི་ཟླ་9ཚེས་21ཉིན་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ནས་ཉེས་གསོག་དོགས་ཅན་3བཟུང་ནས་ཁྲིམས་ལ་སྦྱར་བ་དང་སྒོར་ཁྲི་24000ལྷག་ཙམ་རི་བའི་དངོས་ཟོག་ཚུར་བླངས་པ་རེད།

    གྱོད་གཞི་བཞི་པ། བསམ་བློའི་སློབ་གསོ་རྒྱུན་མཐུད་ངང་བརྒྱབ་པས་ཉེས་གསོག་དོགས་ཅན་གྱིས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ།

    2022ལོའི་ཟླ་1ཚེས་25ཉིན་གྲོང་མི་བཀྲ་ཆེ་གེ་མོས་ཉེན་དོན་སྙན་སེང་ཞུས་ནས་བྲག་གཡབ་རྫོང་གི་ཤང་ག་གེ་མོའི་གྲོང་མིའི་དུད་ཚང་3ལ་རྐུ་ཤོར་ནས་གྱོང་གུན་སྒོར་ཁྲི་10ལྷག་ཙམ་ཕོག་འདུག་ཅེས་བཤད།

    བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད་ཤང་ག་གེ་མོ་ཞིག་གི་འཕྲིན་ཆེ་གེ་མོར་ཉེས་གསོག་གི་དོགས་པ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད། དེ་རྗེས་མི་དམངས་ཉེན་རྟོག་པས་འཕྲིན་ཆེ་གེ་མོ་དང་ཁོ་པའི་ནང་མིར་བསམ་བློའི་སློབ་གསོ་རྒྱུན་མཐུད་བརྒྱབ་ཡོད།

    2023ལོའི་ཟླ་9ཚེས་21ཉིན། ཉེས་གསོག་དོགས་ཅན་འཕྲིན་ཆེ་གེ་མོས་བརྐུས་དངོས་བྱུ་རུའི་རྒྱན་ཆ་འཁྱེར་ནས་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་དུ་རང་ཉེས་ངོས་ལེན་ཞུ་བར་ཡོང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།