དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་རྡོ་ཐ་ཅུས་ཀྱིས་ཆེད་དོན་བྱ་སྤྱོད་སྤེལ་ནས་ཐ་མག་རྫུན་མ་འཚོང་མཁན་ལ་རྡུང་རྡེག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-17

     ཉེ་ཆར་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ཐ་མག་ཁྲོམ་ར་གཙང་བཤེར་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་རེད།

    ཆེད་དོན་བྱ་སྤྱོད་ནང་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཐ་མག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་བདེ་དང་། ཁྲོམ་ར་ལྟ་འདོམས། སྦྲག་སྲིད་སོགས་སྡེ་ཚན་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། “དྲ་སྦྲེལ་དང་དངོས་ཟོག་བསྐུར་སྐྱེལ་ཟུང་འབྲེལ”གྱི་ཁྲིམས་འགལ་ཉོ་སྒྲུབ་དང་། ལྐོག་ཚོང་། གསོག་འཇོག་སྐྱེལ་འདྲེན་སོགས་ཐ་མག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ། ཁོངས་གཏོགས་ཁུལ་གྱི་ཁྲོམ་རའི་ལག་ཁྱེར་མེད་པའི་ཚོང་དུད་དང་། གྲགས་ཅན་ཐ་མག་དང་གྲགས་ཅན་ཨ་རག་ཚོང་ཁང་། རོལ་རྩེད་ཁང་སོགས་ཀྱི་རྫུན་ཚོང་ལྐོག་ཚོང་གི་ཁྲིམས་འགལ་བྱེད་སྤྱོད་ལ་ཐག་གཅོད་ནན་པོ་བྱས་པ། ཐ་མག་ངོ་མ་ཁྲིམས་འགལ་ངང་ཉོ་སྒྲུབ་དང་བཤེར་ཨང་རྙོག་པ་སོགས་ཀྱི་ཁྲིམས་འགལ་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་པ། ཁོངས་གཏོགས་ཁུལ་གྱི་གློག་ཐ་སིལ་ཚོང་དངོས་ཚན་ཚོང་ཁང་གིས་ན་སོ་དར་ལ་མ་བབས་པའི་མིར་ཐ་མག་དང་གློག་ཐའི་ཐོན་རྫས་བྲིན་ཚོང་བྱ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་པ་རེད།

    ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་བརྒྱུད། ཐ་མག་དང་འབྲེལ་བ་ཡོད་པའི་གྱོད་གཞི་13ཞིབ་བཤེར་ཐུབ་པར་གྱོད་འབྲེལ་ཐ་མག་རྡར་ཚན་7207.6ཡོད་པ་དང་གྱོད་འབྲེལ་དངུལ་འབོར་རིམ་རྩིས་བྱས་ན་སྒོར་ཁྲི་207.76ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།