སྨན་གླིང་སྤྱི་བདེས་གྱོད་གཞི་རྩད་བཅད་ནས་གྱོང་གུན་མི་ཕོག་པ་བྱས་པར་བསྔགས་བརྗོད་ཆེན་པོ་ཐོབ་པ།
འདི་ནི་སྐུ་ཞབས་ལི་ལགས(གཡོན་གྱི་དང་པོ)དང་སྐུ་ཞབས་ཝང་ལགས(གཡས་ཀྱི་དང་པོ)ཀྱིས་མི་དམངས་ཉེན་རྟོག་པར་གོས་དར་འབུལ་བཞིན་པ།
ཟླ་8ཚེས་16ཉིན་སྐུ་ཞབས་ལི་ལགས་དང་སྐུ་ཞབས་ཝང་ལགས་ཀྱིས་སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་སུ་ཡོང་ནས“ས་མཐོའི་ཉེན་རྟོག་པས་གྱོད་གཞི་མྱུར་དུ་རྩད་གཅོད་བྱས”ཞེས་དང“ཐོག་མའི་བསམ་འདུན་མ་བརྗེད་པར་མི་སེར་སེམས་ནང་འཇོག”ཅེས་བྲིས་པའི་གོས་དར་གཉིས་ཉེས་དོན་ཉེན་རྟོག་རུ་ཆེན་དུ་ཕུལ་ཏེ་རང་ཉིད་ལ་དཔལ་འབྱོར་གྱོང་གུན་མི་ཕོག་པ་བྱས་པར་ཟོལ་མེད་ཀྱི་བརྩེ་སེམས་བཅངས་ནས་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་རེད།
འདི་ལོའི་ཟླ་5པར། སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་ལ་ཕད་གྲོང་རྡལ་མཐའ་མཚམས་མངགས་གཏོང་ཁང་ནས་བརྒྱུད་སྐྱེལ་བྱས་པའི་གྱོད་འབྲེལ་མ་དངུལ་སྒོར་ཁྲི་8.3ཟིན་པའི་ཁ་བསླུས་གྱོད་གཞི་ཞིག་འབྱོར། གྱོད་དོན་སྙན་སེང་འབྱོར་རྗེས། སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་དུས་ཡུན་ཟླ་བ་གཅིག་ནང་ཉེས་གསོག་དོགས་ཅན་བཟུང་ནས་གྱོད་འབྲེལ་མ་དངུལ་ཚང་མ་ཚུར་བླངས་པ་རེད།