དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཉེན་ཆེའི་འཁོར་གཏོང་གི་གྱོད་གཞི་ཞིག་འདྲི་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-17

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཉེན་ཆེའི་འཁོར་གཏོང་གི་གྱོད་གཞི་ཞིག་འདྲི་ཞིབ་བྱས་པ་དང་སྦྲགས། དཔྱད་ཁྲ་ཡང་ཁྱབ་བསྒྲགས་བྱས་ཤིང་། ཞུ་སྦྱོར་ཕྱི་མའི་ཐེམ་ཐོ་ཡོད་སའི་ཤང་གི་སྲིད་འཛིན་གྲོང་ཚོ་11གི་ཞིང་འབྲོག་མང་ཚོགས་22ཀྱིས་གྱོད་གཞིར་ཟུར་ཉན་བྱས་པ་རེད།

    འདྲི་ཞིབ་བྱས་པ་བརྒྱུད། ཉེ་ཆར་མཚན་གུང་ཆུ་ཚོད་དང་པོའི་གཡས་གཡོན་དུ་ལྷ་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་གཅིག་སྡུད་མཚན་བཤེར་བྱ་སྤྱོད་སྤེལ་སྐབས། ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་གྱི་ཀྲུང་ནེ་ལམ་རྙིང་དང་རྒྱ་ལྡིང་ལམ་གྱི་བཞི་མདོ་ཁར་བསྟན་ཆེ་གེ་མོའི་ཆང་བཏུངས་འཁོར་གཏོང་གི་ཁྲིམས་འགལ་བྱེད་སྤྱོད་ཤེས་རྟོགས་བྱུང་བ་དང་། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲིམས་འཛིན་ཆོད་སྡོམ་ལྟེ་གནས་ཀྱིས་བསྟན་ཆེ་གེ་མོའི་ཁྲག་དཔེར་ཞིབ་བཤེར་ཆོད་སྡོམ་བྱས་པ་དེ་186.80mg/100mlཟིན་ནས་ར་བཟི་བའི་ཚད་གཞི་ཟིན་ཡོད་པ་རེད།

    ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་བསྟན་ཆེ་གེ་མོས་ཉེན་ཆེའི་འཁོར་གཏོང་གི་བྱས་ཉེས་བསགས་ཡོད་པས་བཙན་ཉར་ལས་སྐུལ་ཟླ་བ་གཉིས་དང་ཁྲིམས་ཆད་འགྱངས་གཅོད་ཟླ་བ་གསུམ་བྱ་རྒྱུ་དང་ཆབས་ཅིག་དངུལ་ཆད་སྒོར་1000གཅོད་རྒྱུའི་དཔྱད་མཚམས་བཅད་པ་རེད།

    དཔྱད་ཁྲ་ཁྱབ་བསྒྲགས་བྱས་རྗེས། སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་ཟུར་ཉན་བྱེད་མཁན་མང་ཚོགས་ལ་ཁྲིམས་སྐྱོང་སློབ་གསོ་གཏིང་ཟབ་བརྒྱབ་་སྟེ། མང་ཚོགས་ཚོར་ཉེན་ཆེའི་འཁོར་གཏོང་བྱེད་སྤྱོད་ཀྱིས་སྤྱི་ཚོགས་དང་མི་སྒེར་ཚང་མར་གནོད་འཚེ་དང་དཔལ་འབྱོར་གྱོང་གུན་བཟོ་ལུགས་གསལ་འགྲེལ་བྱས་ནས་མང་ཚོགས་ལ་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་འཛུགས་ནས་ཉེན་ཆེའི་འཁོར་གཏོང་གི་ཁྲིམས་འགལ་བྱེད་སྤྱོད་སྔོན་འགོག་ཏན་ཏིག་བྱེད་དགོས་པ་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།