དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་མངགས་གཏོང་ཁང་གིས།

    “ཉེན་དོན་གཅིག་ལ་སྐུལ་སྤེལ་གསུམ”གྱི་ལམ་སྲོལ་ལ་བརྟེན་ནས་འགལ་བ་དང་རྩོད་གཞི་ཐབས་ལམ་མང་པོ་ནས་སེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-17

    “གྲ་ནང་རྫོང་གྲ་ཕྱི་ཤང་མངགས་གཏོང་ཁང་སོགས་འབྲེལ་ཡོད་ཚན་པའི་ཁྲིམས་སྒྱུར་མི་སྣར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྲིམས་སྒྱུར་མི་སྣའི་བསླབ་སྟོན་འོག ད་ལྟ་ངའི་བུ་དྲག་སྐྱེད་ཡག་པོ་བྱུང་སོང་ལ་ང་ཚོའི་ཁ་ལའང་ཡག་པོ་ཉན་གྱི་འདུག”ཅེས་གྲ་ཕྱི་ཤང་གི་ཡུལ་མི་ཟླ་ཚེས་སེམས་འགུལ་ཐེབས་བཞིན་བརྗོད།

    ཉེ་བའི་ལོ་ཤས་རིང་། གྲ་ཕྱི་ཤང་མངགས་གཏོང་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་གཏིང་ཟབ་བསྟར་བ་དང་། རྨང་གཞི་བརྟན་པོ་དང་། གནས་ཚུལ་ཉུང་བ། བདེ་འཇགས་ཡག་པ། ཏང་དང་མི་དམངས་བློ་ཡིད་ཚིམ་པ་བཅས་ཀྱི་ལས་ཀའི་དམིགས་ཚད་ལ་དམ་པོར་དམིགས་པ། “འགལ་ཟླ་ཐག་གཅོད་བྱ་རྒྱུ་གོང་ལ་མི་སྤྲོད་པ་དང་། བདེ་འཇགས་ཀྱི་དོན་རྐྱེན་མི་ཐོན་པ། ཞབས་འདེགས་ཡག་པོ་ཞུ་བ”བཅས་ཀྱི་ཚད་གཞིར་དམིགས་པ། “ཉེན་དོན་གཅིག་ལ་སྐུལ་སྤེལ་གསུམ”གྱི་འགལ་ཟླ་དང་རྩོད་གཞི་ཐབས་ལམ་མང་པོ་ནས་སེལ་བའི་ལམ་སྲོལ་འཚོལ་ཞིབ་དང་ལག་བསྟར་ཧུར་ཐག་བཅས་བྱས་ནས་དོན་ཆུང་གྲོང་ཚོ་ནས་ཐག་གཅོད་ཐུབ་པ་དང་། དོན་ཆེན་གྲོང་རྡལ་ནས་ཐག་གཅོད་ཐུབ་པ། འགལ་ཟླ་ཐག་གཅོད་བྱ་རྒྱུ་གོང་ལ་མི་སྤྲོད་པ་དང་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དེ་བས་ཆེ་རུ་འགྲོ་བ་དང་། དེ་བས་འགན་ལེན་ཐུབ་པ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད།

    དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་ཉིན་རེ་བཞིན་སྣ་ཁ་མང་དུ་དང་རྙོག་འཛིང་ཆེ་རུ་ཕྱིན་ཡོད། དེར་བརྟེན་འདི་ལོ་ནས་བཟུང་གྲ་ཕྱི་ཤང་མངགས་གཏོང་ཁང་གིས་གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་ས་ཆ་དེ་རང་དུ་ཐག་གཅོད་བྱེད་པའི་ལས་ཀའི་དམིགས་ཚད་ལ་དམིགས་ཏེ། རྩོད་གཞིའི་རིགས་ཀྱི་ཉེན་དོན་ནས་འགོ་བཙུགས་ཏེ། ཤང་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་གྲོས་མོལ་ཐེངས་མང་བྱས་པ་དང་། དབྱེ་ཞིབ་བརྡར་གཅོད་ཞིབ་ཚགས་བྱས་པ། བརྟག་ཞིབ་གང་ལེགས་བྱས་པ། ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་པ་བརྒྱུད། “ཉེན་དོན་གཅིག་ལ་སྐུལ་སྤེལ་གསུམ”གྱི་འགལ་ཟླ་འདུམ་འགྲིག་དང་ཐག་གཅོད་ཀྱི་ལས་ཀའི་ལམ་སྲོལ་གསར་གཏོད་བྱས་པ་རེད། མངཌ་གཏོང་ཁང་ལ་རྩོད་གཞིའི་རིགས་ཀྱི་ཉེན་དོན་སྙན་སེང་འབྱོར་སྐབས། ཉེན་དོན་དང་ལེན་དང་ཐག་གཅོད་མགྱོགས་མྱུར་ཐུབ་པའི་རྨང་གཞིའི་ཐོག གྱོད་དོན་ཤང་ཁྲིམས་འཛིན་ཁང་དང་འབྲེལ་ཡོད་གྲོང་ཚོའི(སྡེ་ཁུལ)མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་རྩིས་སྤྲད་དེ། སྔོན་ཚུད་ནས་འགལ་ཟླ་དང་རྩོད་གཞི་སེལ་ཐབས་བྱས་ནས་འགལ་ཟླ་དང་རྩོད་གཞི་སེལ་བའི་མཉམ་ཤུགས་ཤིག་ཆགས་པར་བྱས་པས། སྲིད་འཛིན་འདུམ་འགྲིག་དང་མི་དམངས་འདུམ་འགྲིག་མཉམ་སྒུལ་ཐུབ་པ་མ་ཟད། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་ཐུབ་པ་དང་། ས་གནས་དེ་གར་སེལ་ཐུབ་པ། ཆུང་ཙག་ནས་སེལ་ཐུབ་པ་བྱུང་ཡོད།

    གྲ་ཕྱི་ཤང་མངགས་གཏོང་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱུན་གཏན་གྱི་འདུམ་འགྲིག་ལས་དོན་སྒྲུབ་སྐབས། ཕྱོགས་གཉིས་ཀའི་དོ་བདག་ནས་གོ་འཛོལ་ཐེབས་པ་དང་། སྐད་ཆ་ཐལ་དྲགས་པ། གཤིས་ཀ་རྩུབ་པ་སོགས་ཀྱི་གནད་དོན་འཕྲད་ཀྱི་ཡོད། གལ་སྲིད་འདུམ་འགྲིག་བྱེད་སྟངས་འཚམ་པོ་མ་བྱུང་ཚེ་འགལ་ཟླ་ཛ་དྲག་ཏུ་འགྲོ་སྲིད། དེར་བརྟེན་མངགས་གཏོང་ཁང་གིས“ཉེན་དོན་གཅིག་ལ་སྐུལ་སྤེལ་གསུམ”གྱི་ལས་ཀའི་ལམ་སྲོལ་དང་། མི་དམངས་འདུམ་འགྲིག་ཨུ་ལྷན་གྱི“རང་ཡུལ་རང་ལ་རྒྱུས་མངའ་ཆེ་བའི”ལེགས་ཆ། “གྲོང་སྲོལ་དམངས་ཆིངས”ཀྱི་གཅུན་འདོམས་ནུས་པ་བཅས་ལ་བརྟེན་ནས་འགལ་ཟླ་དང་རྩོད་གཞི་ཛ་དྲག་ཏུ་ཕྱིན་ནས་ཐོན་ཉེན་ཡོད་པའི་མི་སྒེར་གྱི་ཐལ་དྲགས་པའི་གཏུམ་སྤྱོད་ཉེས་གསོག་དང་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་སྔོན་འགོག་ནུས་ལྡན་ཐུབ་པ་དང་ཉུང་དུ་ཕྱིན་ཡོད། མངགས་གཏོང་ཁང་དང་། ཁྲིམས་འཛིན་ཁང་། མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རང་སོ་སོའི་འདུམ་འགྲིག་གི་ལེགས་ཆ་གང་ལེགས་སྤྱད་དེ་གོ་སྐོན་བློ་འགུག་དང་། ཁྲིད་སྟོན། བཅའ་ཁྲིམས་ཁྱབ་གདལ་སོགས་ཀྱི་བྱ་ཐབས་བརྒྱུད། རྩོད་གཞིའི་ཕྱོགས་ཁག་གི་དོ་བདག་གིས་འདྲ་མཉམ་གྲོས་མོལ་བྱས་པའི་རྨང་གཞིའི་ཐོག རང་མོས་ངང་འདུམ་འགྲིག་གྲོས་མཐུན་འཇོག་པར་སྐུལ་འདེད་བཏང་ཡོད།

    གྲ་ཕྱི་ཤང་མངགས་གཏོང་ཁང་གིས“ཉེན་དོན་གཅིག་ལ་སྐུལ་སྤེལ་གསུམ”གྱི་ལས་སྟེགས་ལ་བརྟེན་ནས་ཁྲིམས་འཛིན་ཁང་དང་མི་དམངས་འདུམ་འགྲིག་ཨུ་ལྷན་གྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ། མི་དམངས་འདུམ་འགྲིག་དང་སྲིད་འཛིན་འདུམ་འགྲིག་མཉམ་སྒུལ་ལ་སྐུལ་འདེད་བཏང་བས། ཕྱོགས་མང་པོས་མཉམ་དུ་འགལ་བ་དང་རྩོད་གཞི་གང་མགྱོགས་དང་ནུས་ལྡན་གྱི་སྒོ་ནས་འདུམ་འགྲིག་ཐུབ་པའི་མཉམ་ཤུགས་ཤིག་གྲུབ་ཡོད། མིག་སྔར་ཁྱིམ་མཚེས་དང་། ཁྱིམ་ཚང་། ངལ་རྩོལ་སོགས་དང་འབྲེལ་བ་ཡོད་པའི་རྩོད་གཞི་9འདུམ་འགྲིག་བདེ་བླག་བྱུང་ནས་འདུམ་གཅོད་ཐུབ་ཚད་100%ཟིན་ཏེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།