དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྣ་དཀར་རྩེ་རྫོང་སྤྱི་བདེ་མི་དམངས་ཉེན་རྟོག་པས་རྨས་སྐྱོན་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་བྱས་པར་གདེང་འཇོག་བཟང་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-17

    ཉེ་ཆར། ཡེ་ཆེ་གེ་མོས་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཡར་འབྲོག་ལམ་དམངས་བདེ་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཡོང་སྟེ། ངས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་མཛུབ་མོ་གཉིས་ལ་རྨ་བཟོས་ནས་ཁྲག་མང་པོ་དོན་པས་ལམ་སེང་སྨན་ཁང་ལ་སྐྱེལ་རོགས་གནང་ཞེས་བཤད།

    ལས་རེས་མི་དམངས་ཉེན་རྟོག་པས་འཕྲལ་མར་ཉེན་རྟོག་རླངས་འཁོར་བཏང་ནས་ཁོ་བོ་སྣ་དཀར་རྩེ་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་བ་དང་ཆབས་ཅིག སྨན་ཁང་ལ་ཛ་དྲག་སྐྱོབ་བཅོས་བགྲོད་ལམ་ཤར་གཏོང་བྱེད་དུ་བཅུག་པ་རེད། སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་མི་དམངས་ཉེན་རྟོག་པས་ཡེ་ཆེ་གེ་མོའི་རྨ་ཁ་དཀྲིས་ནས་ཁྲག་འགོག་ཐབས་བྱས་པ་དང་། སྐར་མ་གསུམ་ལས་མ་འགོར་བར་སྨན་ཁང་དུ་བསྐྱལ་ཐུབ་ཡོད། དེ་རྗེས་སྨན་ཁང་གི་སྨན་པས་ཡེ་ཆེ་གེ་མོའི་རྨ་ཁར་དུག་སེལ་བྱས་ནས་འཚེམ་བུ་བརྒྱབ་པ་རེད།

    སྨན་ཁང་དུ་སྨན་བཅོས་བྱས་རྗེས། ཡེ་ཆེ་གེ་མོའི་ནང་མིས་མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་རོགས་སྐྱོབ་བྱས་པར་ཐུགས་རྗེ་ཡང་ཡང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།