དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཚན་པས་དཔེ་ཀློག་འཛིན་གྲྭ་ཕྱོགས་ཡོངས་ནས་གཉེར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-17

    རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། སློབ་སྦྱོང་ནང་ཞུགས་པའི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་བྱེད་པ། ཏན་ཏན་ཏིག་ཏིག་སྒོ་ནས་དཔེ་དེབ་ཀློག་པ། དུམ་མཚམས་རེ་རེ་དང་ཚིག་རེ་རེ་བཞིན་བྱས་ཏེ་གོ་དོན་རྟོགས་པ་བཅས་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་ཕུགས་བསམ་དང་དད་སེམས་བརྟན་གཏོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བཞིན་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་སློབ་སྦྱོང་ནང་ཞུགས་པའི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་གི་དཔེ་ཀློག་འཛིན་གྲྭའི་ཇུས་གཞིར་ཞིབ་དཔྱད་ནན་ཏན་བྱེད་པ་དང་། དཔེ་ཀློག་འཛིན་གྲྭའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཞིབ་ཕྲའི་བླང་བྱ་བཏོན་པ། ལས་དོན་སྤེལ་ཚུལ་ལ་རྗེས་འདེད་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་དཔེ་ཀློག་འཛིན་གྲྭའི་ནང་དོན་ཞིབ་ཅིང་ཕྲ་བ་དང་། འཐུས་སྒོ་ཚང་བ། བརྒྱུད་རིམ་ཆ་ཚང་བ་དང་ཚད་ལྡན་ཡོང་བའི་འགན་ལེན་བྱས་ཡོད།

    དཔེ་ཀློག་འཛིན་གྲྭའི་ནང་ཚང་མས་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་རྩ་གནད(2023ལོའི་པར་གཞི)》སོགས་སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་དང་ཞིབ་ཀློག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ནན་ཏན་བྱེད་པ། དཔེ་ཀློག་ཧུར་ཐག་བྱེད་པ་དང་། ཟིན་བྲིས་ཧུར་ཐག་རྒྱག་པ། ཟབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། མཉམ་འདྲེས་དང་བྱང་ཆུབ་པ་བཅས་བྱས་ཡོད། དེ་དང་དུས་མཚུངས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ས་གནས་དེ་ག་དང་ལས་རིགས་དེ་གའི་ཁྱབ་ཁོངས་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་དང་། འགག་གནད། གནད་ས་བཅས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། “བྱ་སྤྱོད་སློབ་སྦྱོང”དང“གྲལ་སྒོར་བསམ་གཞིག”སོགས་ཀྱི་རྣམ་པ་ནས་སྤེལ་རེས་དང་བགྲོ་གླེང་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་དེ་བས་ལེགས་པ་བྱས་ཡོད།

    དཔེ་ཀློག་འཛིན་གྲྭ་གཉེར་བ་བརྒྱུད། ཏང་ཡོན་ལས་བྱེད་པས“དགོངས་པ་སློབ་སྦྱོང”དང་། “ཏང་གཤིས་བརྟན་གཏོང” “ལག་ལེན་ལ་མཐོང་ཆེན” “བྱས་རྗེས་གསར་འཇོག”བཅས་ལ་ཤུགས་བརྒྱབ་སྟེ་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།