དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གནོད་འཚེ་ཉུང་གཏོང་གི་ཤེས་བྱ་ཁྱབ་གདལ་བཏང་ནས་རོགས་སྐྱོབ་ནུས་པ་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-17

    འདི་ནི་མེ་གསོད་རུ་མིས་ལྷ་སའི་གྲོང་ཁུལ་རྙིང་པའི་གྲོང་མིར་མེ་གསོད་ཡོ་བྱད་སྤྱོད་སྟངས་སློབ་བཞིན་པ།

    དམངས་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་རང་སྐྱོབ་དང་སྐྱོབ་རེས་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་རུ་འབྲིང་གཉིས་པས་ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་སོགས་འབྲེལ་ཡོད་ཚན་པ་དང་མཉམ་དུ་ལྷ་སར“གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། གེགས་སེལ་བཅས་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དང་དྲིལ་བསྒྲགས”ཀྱི་བྱེད་སྒོ་སྤེལ་བ་རེད། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་ས་གནས་ས་ཐོག་གི་བློ་འདྲི་དང་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱི་གནོད་འཚེ་སྔོན་འགོག་དང་ཉེན་གཡོལ་གྱི་ནུས་པ་ཆེ་རུ་ཏན་ཏིག་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།