དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ཏང་ཨུད་ཀྱིས་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་སྲང་ཁར་སྒང་གྲོང་ཚོར་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-10

    འདི་ནི་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ཏང་ཡོན་གྱི་འཐུས་མིས་རོཌ་སྐྲུན་དྲོད་ཁང་ཆེ་མོར་རྩྭ་ངན་འགོག་པ།

    འདི་ནི་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ཏང་ཡོན་གྱི་འཐུས་མིས་རོགས་སྐྱོར་དུད་ཚང་དུ་འབྲས་དང་། གྲོ་ཞིབ། སྣུམ་སོགས་འཚམས་འདྲིའི་དངོས་པོ་སྐྱེལ་བར་སྐྱོད་པ།

    ས་བབ་མཐོ་ཚད་སྨི་4700ཟིན་པའི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་སྲང་ཁར་སྒང་གྲོང་ཚོ་ནི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་གྲོང་གསེབ་དར་རྒྱས་ཀྱི་རོགས་སྐྱོར་བྱ་ཡུལ་གྲོང་ཚོའི་གྲས་ཤིག་རེད། ཉིན་དེར་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ཏང་ཨུད་ཀྱིས་ཏང་ཀྲི་པུའུ་8ཀྱི་ཏང་ཡོན་གྱི་འཐུས་མི་18སྒྲིག་འཛུགས་བྱས་ནས་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་སྲང་ཁར་སྒང་གྲོང་ཚོར་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བར་བསྐྱོད་ཅིང་། གཞི་རིམ་གྱི་ཕན་ཚུན་རོགས་རེས་ཀྱི་ལས་སྟེགས་བཏོད་ནས་འབྲོག་པ་མང་ཚོགས་ཕྱུག་འགྱུར་ཡོང་བར་བློ་གཅིག་སེམས་གཅིག་གིས་རོགས་རམ་བྱས་ཡོད།

    ཏང་ཡོན་གྱི་འཐུས་མི་ཚོས་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་རོགས་བྱས་པའི་སྔོ་ཚལ་དྲོད་ཁང་ནང་རྩྭ་ངན་འགོག་པ་དང་། ས་བསློགས་པ། མྱུ་གུ་གསོ་བ། ས་སྐྱོར་བཟོ་བ། ཆུ་གཏོང་བ་སོགས་བྱས་ཤིང་། སྲང་ཁར་སྒང་གྲོང་ཚོའི་ཏང་ཡོན་གྱི་འཐུས་མི་དང་མཉམ་དུ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་མཛའ་གྲོགས་ཟབ་མོ་མཚོན་པའི་འབྲས་ཤིང་སྡོང་རྐང་9བཏབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཚོགས་པ་ཀུང་སིའི་ཏང་ཨུད་ཀྱིས་རོགས་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་2012ལོ་ནས་བཟུང་སྔ་རྗེས་སུ་སྲང་ཁར་སྒང་གྲོང་ཚོར་གྲོང་ཨུད་ཀྱི་ཐོག་བརྩེགས་ཁང་ཆེན་དང་། འབྲོག་ལས་ཐོན་རྫས་ལས་སྣོན་ཁང་། སེམས་སྦྲེལ་ཟམ་པ་བཅས་བསྐྲུན་པ་དང་། མཉམ་ལས་ཁང་གི་ཆུ་བཟོ་གྲྭའི་བཟོ་ཁང་དང་སྔོ་ཚལ་དྲོད་ཁང་ཆེ་མོའི་ཚོད་ལྟའི་རྟེན་གཞི་སོགས་རྣམ་གྲངས་རྒྱས་སྐྲུན་བྱས་ཡོད། ཉིན་དེར་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ཏང་ཨུད་ཀྱིས་རོགས་སྐྱོར་གྱི་འཆར་གཞི་ལྟར་རོགས་སྐྱོར་དུད་ཚང་8ལ་འབྲས་དང་། གྲོ་ཞིབ། སྣུམ་སོགས་རིན་ཐང་སྒོར་1600རི་བའི་འཚམས་འདྲིའི་དངོས་པོ་དང་། འཚམས་འདྲིའི་དངུལ་སྒོར་8000 དེ་བཞིན་ཏང་འཛུགས་སྐྱོང་གི་འབྲེལ་ཡོད་ཤེས་བྱའི་དཔེ་དེབ་བཅས་སྤྲད་པ་རེད། སླད་ཕྱིན་མུ་མཐུད་གོམ་སྟབས་བརྟན་པོས་མཁའ་ལམ་གྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་ཡག་པོ་བསྐྱོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།