དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཉིང་ཁྲི་གྲོང་ཁྱེར་སྨན་རི་ཤང་ཁྲིམས་འཛིན་སུའོ་དང་མངཌ་གཏོང་ཁང་གིས་མང་ཚོགས་ལ་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-10

    ཡུལ་མིའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གྲོང་གསེབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་སྨན་རི་ཤང་ཁྲིམས་འཛིན་སུའོ་དང་མངགས་གཏོང་ཁང་གིས་རྩེ་ལད་གྲོང་ཚོར་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་པར་བསྐྱོད་ཅིང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ནག་སེལ་གཤེད་བཅོམ་ལ་སྐུལ་འདེད་གཏོང་ཕྱོགས་དང་། འོས་འགན་ཐེར་འདོན། ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག དམངས་ཡོངས་སྐུལ་སློང་། སྒྲིག་འཛུགས་སྣེ་ཁྲིད། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཐད་ཀྱི་འབྲེལ་ཡོད་ནང་དོན་འགྲེལ་བཤད་བརྒྱབ་པ་རེད། ཁྲིམས་འཛིན་སུའོ་ཡི་ལས་དོན་པས་གྱོད་དཔེ་དྲངས་ནས་ཁྲིམས་འགྲེལ་དང་། གྱོད་དཔེ་གསལ་འགྲེལ། ཉེ་འགྲམ་གྱི་དོན་དངོས་སོགས་ཀྱི་བྱེད་ཐབས་ཐོག་ནས་ཡུལ་མིར་ཁྱིམ་ཚང་གི་གཏུམ་སྤྱོད་དང་གཉེན་སྒྲིག་བཅའ་ཁྲིམས་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་པ་མ་ཟད། ད་དུང་ཡུལ་མིར་ཁྱིམ་ཚང་གི་གཏུམ་སྤྱོད་ལས་ཁྱིམ་ཚང་དང་ཕྲུ་གུར་བཟོས་པའི་གནོད་འཚེ་གསལ་བཤད་ཞིབ་ཕྲ་བརྒྱབ་པ། ཡུལ་མི་མང་ཚོགས་ལ་ངང་རྒྱུད་རིང་པོས《དམངས་དོན་ཁྲིམས་གཞུང》ནང་གི་གཉེན་སྒྲིག་དང་ཁྱིམ་ཚང་ཐད་ཀྱི་གཏན་འབེབས་འགྱུར་ལྡོག་ཕྱིན་ས་འགྲེལ་བཤད་བརྒྱབ་པ་དང《དམངས་དོན་ཁྲིམས་གཞུང》མང་ཚོགས་ཀྱི་ཉེ་འགྲམ་དང་མང་ཚོགས་ཀྱི་སེམས་ལ་ཟུག་པ་བཅས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་བཅའ་ཁྲིམས་ལ་བརྟེན་ནས་མི་སྒེར་གྱི་ཁེ་དབང་འགན་སྲུང་དང་གཉེན་སྒྲིག་དང་ཁྱིམ་ཚང་གི་བདེ་སྐྱིད་སྲུང་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།

    ད་ཐེངས་ཀྱི་སྒྲོག་འགྲེལ་ལས་མང་ཚོགས་ཀྱི་ཁྲིམས་སྦྱོང་དང་། ཁྲིམས་ཤེས། ཁྲིམས་རྟོགས། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ནས་གྲོང་གསེབ་ཀྱི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཞིག་གཏོད་རོགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།