མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས།
དངུལ་རྩའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་སྒྲིག་འཛུགས་བྱས་ནས་སྤེལ་བ།
འདི་ནི་ཀྲུང་གོ་ཞིང་ལས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གི་ལས་མིས་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་སློབ་མར་དངུལ་རྩའི་དྲ་རྒྱའི་ཁ་བསླུས་ཀྱི་དཔེ་མཚོན་གྱོད་གཞི་དབྱེ་ཞིབ་བྱེད་བཞིན་པ།
ཉེ་ཆར་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཁོངས་གཏོགས་ཀྱི་གྲོང་ཁྱེར་དང་ས་ཁུལ་གྱི་ཡན་ལག་དངུལ་ཁང་7དང་དངུལ་ཁང་སྒྲིག་གཞི་16སྒྲིག་འཛུགས་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་དངུལ་རྩའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་དངུལ་རྩའི་ཉིན་མོར་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་གཞུང་ཕྱོགས་དྲ་ཚིགས་དང་། སྐད་འཕྲིན་སྤྱི་རྟགས། དངུལ་ཁང་གི་ལས་གཉེར་དྲ་ཚིགས་སོགས་གང་ལེགས་སྤྱད་དེ་བོད་རྒྱ་ཤན་སྦྱར་གྱི་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་། འཕྲེད་འགེལ་ཡི་གེ་འགེལ་བ། བརྙན་ཐུང་སྟོན་པ། འགྲེམས་པང་གཤོམ་པ། ཆེད་དོན་འཆད་ཁྲིད་བྱེད་པ། ས་གནས་ས་ཐོག་ཏུ་འགྲེམས་སྟོན་བྱེད་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད། ཇི་ལྟར་བྱས་ནས་དྲ་རྒྱའི་གཏོང་སྤྲོད་བྱེད་པ་དང་། དྲ་རྒྱའི་ཐོག་རྒྱུ་ནོར་བདག་གཉེར་བྱེད་པ། དྲ་རྒྱའི་ཐོག་དངུལ་བུན་གཡར་བ་སོགས་ལ་གཙོ་གནད་ཐོག་གསལ་འགྲེལ་དང་། དངུལ་རྩའི་དྲ་རྒྱའི་ཁ་བསླུས་ཀྱི་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ། རྒྱུན་མཐོང་གི་དྲ་རྒྱའི་ཁ་བསླུས་རྒྱག་སྟངས་ཐེར་འདོན་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་ཤེས་རྟོགས་ཐུབ་པ་བྱས་ཡོད།