དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།

    ལྐོག་འདྲེན་གྱི་གྱོད་གཞི་ཞིག་ཞིབ་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-10

    ཉེ་ཆར། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། གཞིས་རྩེ་གྲོང་ཁྱེར་གྱིས་ཁྲིམས་ར་འཚོགས་ནས་རྩ་ཆེའི་སྲོག་ཆགས་ཀྱི་ཐོན་རྫས་ལྐོག་འདྲེན་གྱི་ཉེས་དོན་གྱོད་གཞི་ཞིག་དང་ཉེས་གསོག་དོགས་ཅན་3ལ་ཞིབ་གཅོད་བྱས་པ་དེ་དག་དོམ་མཁྲིས་དང་གླ་རྩི་སོགས་རྩ་ཆེའི་སྲོག་ཆགས་ཀྱི་ཐོན་རྫས་དང་འབྲེལ་བ་ཡོད་ཅིང་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་100ལྷག་ཙམ་ཟིན་ཡོད་པ་རེད།

    ཤེས་རྟོཌ་བྱུང་བར་གཞིགས་ན། 2022ལོའི་ཟླ་12པ་ནས་2023ལོའི་ཟླ་2པའི་རིང་ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཚོང་པས་དབྱར་རྩྭ་དགུན་འབུ་དང་། དོམ་མཁྲིས། གླ་རྩི་བཅས་ཁྱིམ་མཚེས་རྒྱལ་ཁབ་ནས་རང་རྒྱལ་གྱི་ས་ཁོངས་སུ་དབོར་ལེན་བྱེད་རྒྱུ་མ་ཟད། ཟོག་རིན་དེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཚོང་པས་དམིགས་སུ་བཙུགས་པའི་རྩིས་ཁྲའི་ཁོངས་སུ་བསྒྱུར་རྒྱུའི་ཁ་ཆད་བྱས་པ་རེད། ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཚོང་པས་ཞུ་སྦྱོར་ཕྱི་མ་སངས་ཆེ་གེ་མོར་དངོས་ཟོག་རྩིས་ལེན་བྱེད་པའི་དུས་ཚོད་དང་ས་ཆ་ཁ་ཆད་བྱས་ནས་དངོས་ཟོག་རྩིས་བླངས་རྗེས་དངོས་ཟོག་དེ་ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོར་སྤྲོད་དགོས་པ་མ་ཟད། སྐྱེལ་འདྲེན་གྱི་བདལ་གླ་མི་དམངས་ཤོག་སྒོར་ཁྲི་3.4སྤྲོད་རྒྱུའི་ཁ་ཆད་བྱས ཞུ་སྦྱོར་ཕྱི་མ་སངས་ཆེ་གེ་མོས་ཞུ་སྦྱོར་ཕྱི་མ་སྤེན་ཆེ་གེ་མོར་འབྲེལ་གཏུག་བྱས་ནས་དངོས་ཟོག་ཁག་གཅིག་རྩིས་ལེན་དུ་བཅུག་པ་མ་ཟད། ཁོ་པར་སྐྱེལ་འདྲེན་གྱི་བདལ་གླ་སྤྲོད་རྒྱུའི་ཁས་བླངས་པ་རེད། ཞུ་སྦྱོར་ཕྱི་མ་སངས་ཆེ་གེ་མོའི་ཁ་པར་གྱི་བཀོད་འདོམས་འོག་དངོས་ཟོག་དག་ཞུ་སྦྱོར་ཕྱི་མ་སྤེན་ཆེ་གེ་མོར་བདེ་བླག་ངང་འབྱོར་ཞིང་། གཉའ་ནང་རྫོང་གི་ཚོང་འདུས་ཞིབ་བཤེར་ས་ཚིགས་བརྒྱུད་སྐབས་སྤྱི་བདེའི་མི་སྣས་རྩད་ཆོད་པ་རེད། གསལ་འབྱེད་བྱས་པ་བརྒྱུད་གྱོད་གཞི་དང་འབྲེལ་བ་ཡོད་པའི་དོམ་མཁྲིས་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། གསལ་འབྱེད་བྱས་པ་བརྒྱུད། མི་དམངས་ཤོག་སྒོར་ཁྲི་30.06ཟིན་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་གླ་རྩི་དེ་ནི་ཁེ་ཧྲི་སྨིར་གྱི་གླ་བ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གླ་བ་སོགས་ཀྱི་ཡིན་ལ་ཚང་མ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་གསལ་འབྱེད་རིན་ཐང་མི་དམངས་ཤོག་སྒོར་ཁྲི་70.50ཟིན་ཡོད་པ་རེད།

    ཞུ་སྦྱོར་ཕྱི་མ་གསུམ་གྱིས་ཁྲིམས་འགལ་གྱི་ཁེ་ཕན་རག་ཐབས་བྱ་ཆེད་འགག་སྒོའི་ལྟ་འདོམས་ལས་གཡོལ་ནས་རྩ་ཆེའི་སྲོག་ཆགས་ཀྱི་ཐོན་རྫས་རང་རྒྱལ་གྱི་མངའ་ཁོངས་སུ་དབོར་འདྲེན་བྱས་པའི་བྱེད་སྤྱོད་དེས་རྩ་ཆེའི་སྲོག་ཆགས་ཀྱི་ཐོན་རྫས་ལྐོག་འདྲེན་བྱས་པའི་བྱས་ཉེས་གྲུབ་ཡོད། ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གསུམ་དང་དངུལ་ཆད་སྒོར་ཁྲི་གསུམ་བཅད་པ་དང་། ཞུ་སྦྱོར་ཕྱི་མ་སངས་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཉིས་དང་དངུལ་ཆད་སྒོར་ཁྲི་གཉིས་བཅད་པ། ཞུ་སྦྱོར་ཕྱི་མ་སྤེན་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཁྲིམས་ཆད་ཕྱིར་འགྱངས་ལོ་གསུམ་བྱས་པ་མ་ཟད། དངུལ་ཆད་སྒོར་ཁྲི་གཅིག་བཅད་པ། བཙན་ཉར་བྱས་པའི་དོམ་མཁྲིས་དང་གླ་རྩིའི་རིགས་ཁྲིམས་ལྟར་གཞུང་བཞེས་བཏང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།