དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་རྟེན་གཞི་ཞིག་གིས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-10

    འདི་ནི་དཔོན་དམག་ཚོས་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་མང་ཚོགས་ལ་རྒྱལ་སྲུང་ཤེས་བྱ་ཁྱབ་གདལ་དུ་གཏོང་བཞིན་པ།

    འདི་ནི་ཕར་འགྲོ་ཚུར་འོང་བྱེད་མཁན་ཕྲུ་གུ་དང་དཔོན་དམག་གིས་དམག་མིའི་གུས་འདུད་ཞུ་རེས་བྱེད་བཞིན་པ།

    ཉེ་ཆར། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཉིན་མོ་ཐེངས་23པ་འཆར་ཉེར་ཡོད་པའི་མཚམས་སུ་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་རྟེན་གཞི་ཞིག་གི་དཔོན་དམག་ཚོས་ཁྲོམ་གཞུང་དུ་བསྐྱོད་དེ“ཕྱུག་འགྱུར་ཡོང་བར་འོས་འགན་མི་བརྗེད་པ་དང་། ཞི་བདེ་ཡོང་བར་རྒྱལ་སྲུང་བརྟན་དུ་གཏོང་རྒྱུ་བརྗེད་མི་རུང”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། འགྲེལ་བཤད་པས་གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་རྒྱལ་གཅེས་རིང་ལུགས་ཀྱི་གཏམ་རྒྱུད་དང་སྙིང་སྟོབས་ཁྱབ་གདལ་བཏང་བ་མ་ཟད། ཁོང་ཚོར་རྒྱལ་སྲུང་སློབ་གསོའི་འབྲེལ་ཡོད་དྲིལ་བསྒྲགས་པར་དེབ་སྤྲད་པ་རེད། གཞན་ཡང་དཔོན་དམག་ཚོས་ས་གནས་ས་ཐོག་ཏུ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་ཞུགས་ནས་རྒྱལ་སྲུང་ཁྲིམས་སྲོལ་དྲིལ་བསྒྲགས་དང་། རྒྱལ་སྲུང་ཤེས་བྱ་ཁྱབ་གདལ། རྒྱལ་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རྒྱལ་སྲུང་འདུ་ཤེས་དང་རྒྱལ་གཅེས་དམག་བཀུར་གྱི་སྤྲོ་སེམས་སྔར་བས་ཆེ་རུ་བཏང་བ་རེད།

    དེ་དང་ཆབས་ཅིག་རྟེན་གཞིས་ད་དུང་འཕྲོད་བསྟེན་རྐང་འཛིན་པ་སྐོང་འཐེན་བྱས་ནས་སྨན་བཅོས་ཚོགས་ཆུང་བཙུགས་ཤིང་། བྱེད་སྒོའི་ཁྲོད་འོས་འགན་སྨན་བཅོས་ཀྱི་ཞབས་ཞུའི་སྟེགས་བུ་དང་སྨན་སྤྲོད་ས་ཚིགས་བཙུགས་ནས་སྨན་བཅོས་བྱེད་པར་ཡོང་མཁན་མང་ཚོགས་ཀྱི་བདེ་ཐང་ལ་བརྟག་ཞིབ་ཞིབ་ཕྲ་བྱས་པ་དང་། མང་ཚོགས་ཚོས་སེམས་ཁུར་བྱེད་པའི་ཐོན་མང་བའི་ནད་དང་རྒྱུན་མཐོང་ནད་ལ་ལན་ནན་ཏན་བཏབ་ལ། བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་ཚོར་བདེ་ཐང་མཛུབ་ཁྲིད་དང་འོས་འགན་སྨན་བཅོས་བྱས་པ་མ་ཟད། རིན་མེད་ངང་སྨན་དང་སྨན་བཅོས་སྒྲིག་ཆས་ཀྱང་མཁོ་འདོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།