ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས།
གསར་འགྱུར་རྐང་འཛིན་པ་སྒྲིག་འཛུགས་ཀྱིས་གཅིག་སྡུད་གསོ་སྦྱོང་བྱས་པ།
འདི་ནི་པར་རྒྱག་ལག་རྩལ་སྦྱོང་བཞིན་པ།
ཉེ་དུས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས་རྩལ་ནུས་ཆེར་གཏོང་དང་བློ་བསྡུས་དགེ་འཚོལ་གྱི་བསམ་ཕྱོགས་ལ་ནན་པོར་གཞིགས་ཏེ། གསར་འགྱུར་རྐང་འཛིན་པ་བཅུ་གྲངས་སྒྲིག་འཛུགས་ཀྱིས་གཅིག་སྡུད་གསོ་སྦྱོང་ཟླ་བ་གསུམ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གསར་འགྱུར་རྐང་འཛིན་པ་གསོ་སྦྱོང་གི་བླང་བྱ་དང“ཤེས་པ་དང་། ཡག་པོ་ཤེས་པ། ཡང་དག་པར་ཤེས་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས“པར་ལེན་དང་། རྩོམ་འབྲི། PSཇུས་འགོད”སོགས་ཀྱི་རྩལ་ནུས་སྦྱོང་བརྡར་བྱས་ཤིང་། གསར་འགྱུར་གསོ་སྦྱོང་བྱེད་སྒོ་སྤེལ་རིང་། གསོ་སྦྱོང་ལ་ཞུགས་མཁན་སོ་སོའི་ལེགས་ཆ་དང་ཟུང་འབྲེལ་བྱས་པའི་ཁར། གོ་རིམ་ལྡན་པའི་གསོ་སྦྱོང་སྒྲིག་འཛུགས་ནན་པོ་བྱས་ཏེ“ཕྱིར་སྐྱོད་བཅར་འདྲི”བརྗོད་དོན་གཙོ་བོར་བྱས་ནས་ཚོད་རྒྱུགས་ཆུང་ཆུང་ཞིག་བླངས་པ་རེད།