དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་སྲས་ཁང་སྡེ་ཁུལ་ཉེན་དོན་ཁང་གིས།

    ཕྲུ་གུ་ཆུང་ཆུང་ཞིག་འཚོལ་རོགས་གང་མགྱོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-10

    ཉེ་དུས། ཁྱིམ་བདག་ཅིག་གིས་ལྷོ་ཁ་གྲོང་ཁྱེར་སྲས་ཁང་སྡེ་ཁུལ་ཉེན་དོན་ཁང་གི་ལས་སྒྲུབ་ཉེན་རྟོག་པར“ངའི་བུ་བརླག་སོང་བས་མི་དམངས་ཉེན་རྟོག་པས་གང་མགྱོགས་འཚོལ་རོགས་གནང་དང”ཞེས་རེ་བ་ཞུས།

    ཤེས་རྟོགས་བྱས་པ་བརྒྱུད། ཕྲུ་གུ་དེ་ལོ་5ལའང་སླེབས་མེད་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི་མཚན་མོའི་ཁྲོམ་ར་ཞིག་གི་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་མཇུག་འགྲིལ་ནས། ཕྱིར་དོན་སྐབས་མི་ཚོགས་ཀྱི་ཁྲོད་ནས་མ་བུ་གཉིས་ཁ་ཐོར་བ་རེད།

    མི་དམངས་ཉེན་རྟོག་པས་འཕྲལ་མར་མ་བུ་ཁ་ཐོར་ས་ལྟེ་བར་བྱས་ནས་བཙལ་བ་དང་སྲས་ཁང་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་དྲ་མིག་ལས་དོན་པ་སྐུལ་སློང་བྱས་ཏེ། ལུས་རྩལ་ཐང་གི་ཉེ་འགྲམ་དུ་ཆུ་ཚོད་གཅིག་ཙམ་ཞིབ་ཏུ་བཙལ་མཐར། ལུས་རྩལ་ཐང་གི་ཉེ་འགྲམ་གྱི་རོལ་རྩེད་ཁང་ཞིག་ནས་ཕྲུ་གུ་དེ་རྙེད་པ་རེད།

    མི་དམངས་ཉེན་རྟོག་པས་ཕྲུ་གུ་དེ་ཕ་མར་རྩིས་སྤྲད་ནས། ཕྱིས་སུ་ཕྲུ་གུར་ལྟ་སྐྱོང་ཡག་པོ་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།