དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།

    མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-10

    འདི་ནི་མེ་གསོད་རུ་མིའི་མཛུབ་ཁྲིད་འོག་མེ་གསོད་སྟངས་སྦྱོང་བཞིན་པ།

    ཉེ་ཆར། མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ས་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུས་སུ་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་བྱེད་སྒོ་སྤེལ་བ་རེད།

    གསོ་སྦྱོང་བྱེད་རིང་དྲིལ་བསྒྲགས་པས་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་དང་འཕྲལ་སྡོམ་རང་སྐྱོབ་ཀྱི་ཤེས་བྱ་སོཌ་ལ་དམིགས་ནས། རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་གཞི་རྩའི་མེ་ཟོན་དང་མེ་གསོད་ཀྱི་རྒྱུན་ཤེས་འགྲེལ་བཤད་བརྒྱབ་པ་དང་། གསོ་སྦྱོང་ལ་ཞུགས་མཁན་གྱི་སྣེ་ཁྲིད་དེ་མེ་གསོད་ཡོ་ཆས་སྤྱོད་སྟངས་ལ་རྒྱུས་མངའ་ལོན་ཐབས་བྱས་ཤིང་། མེ་གསོད་ཡོ་ཆས་ཁག་སྤྱོད་སྟངས་དང་དེ་འབྲེལ་དོ་སྣང་བྱེད་དགོས་པའི་དོན་ཚན་ངོ་སྤྲོད་བྱས་པ་མ་ཟད། ད་དུང་མེ་གསོད་ཡོ་ཆས་སྤྱོད་པའི་གོ་རིམ་ས་གནས་ས་ཐོག་ཏུ་དམར་ཁྲིད་བྱས་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད། ལས་བཟོ་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཧ་ཅང་ཟབ་ཏུ་དང་རང་འགོག་རང་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་ཕྱིན་པ་དང་། ཚན་པའི་མེ་ཟོན་བདེ་འཇཌ་ཀྱི“འགོག་སྲུང་འཛིང་རགས”སྔར་བས་བརྟན་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།