དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས།

    མཚན་མོའི་བདེ་འཇགས་ཀྱི་སྐོར་ཞིབ་དྲིལ་བསྒྲགས་དང་སྔོན་འགོག་གི་གཅིག་སྡུད་གཅིག་གྱུར་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-10

    སྤྱི་བདེ་པུའི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མིག་སྔའི་ལྗོངས་ནང་ཁུལ་གྱི་བདེ་འཇགས་ཀྱི་ཆོས་ཉིད་དང་ཁོངས་གཏོགས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཙོ་གནད་འབུར་དུ་ཐོན་པ་དང་འགག་རྩར་སྟངས་འཛིན་གྱིས། མཚན་མོའི་བདེ་འཇགས་ཀྱི་སྐོར་ཞིབ་དྲིལ་བསྒྲགས་དང་སྔོན་འགོག་གི་རྒྱལ་ཡོངས་ཀྱི་གཅིག་སྡུད་གཅིག་གྱུར་གྱི་བྱ་སྤྱོད་ཐེངས་གསུམ་པ་སྤེལ་ནས་མང་ཚོགས་ཀྱི་ཆེད་དུ་མཚན་མོར་སྐོར་གཡེང་ཡག་པོ་བྱེད་པ་དང་དུས་བདེའི་ཆེད་དུ་ལས་གནས་ཡག་པོ་བསྲུངས་བས། ལྗོངས་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་འཚིམ་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།

    ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འགུལ་སྡོད་ཟུང་འབྲེལ་དང་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་མཐའ་འཁྱོངས་ཀྱིས་དུས་འཁོར་ཧྲིལ་པོར་སྤྱི་ཚོགས་ཀྱི་བདེ་འཇགས་ལ་སྐོར་ཞིབ་ཚོད་འཛིན་བྱས་ནས། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་འགོག་ཟོན་ནུས་ལྡན་དང་རྡུང་རྡེག་མྱུར་པོ་བཏང་བ་དང་། ཁྲིམས་འགལ་ཉེས་གསོག་པ་13བཟུང་སྟེ་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཟིལ་གྱིས་མནན་ཡོད།

    མཐིལ་རྟོགས་གཙང་བཤེར་དང་རྒྱུན་མཐུད་ཤུགས་འདོན་མཐའ་འཁྱོངས་བྱས་ནས་གཙོ་གནད་ཁུལ་ལྔ་དང་ཆཌ་སྲེད་དང་འབྲེལ་བ་ཡོད་པའི་ཁུལ་ལ་དམ་པོར་དམིཌ་ཏེ། ཉེན་ཁའི་མངོན་མེད་རྐྱེན་ངན་གནས་ས་1070ལྷག་ཙམ་ལ་གྲལ་བཤེར་དག་ཐེར་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ཁོར་ཡུག་གཙང་མ་བཟོས་ཡོད།

    ལྗོངས་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གཙོ་གནད་ས་ཁོངས་དང་། གཙོ་གནད་ལམ་དུམ། གཙོ་གནད་དུས་མཚམས་བཅས་ལ་དམིགས་ནས། ལམ་ངོས་སུ་ཉེན་རྟོག་པ་སྔར་བས་མང་དུ་བཏང་སྟེ་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་35ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པས་གྲོང་ཁུལ་མཐའ་འཁོར་གྱི་འགྲོ་ལམ་དང་མཚན་མོའི་དུས་མཚམས་ཀྱི་ལྟ་འདོམས་བྱེད་ནུས་ཧ་ཅང་ཆེ་རུ་ཕྱིན་ཡོད། གཞི་རིམ་གྱི་འཐབ་ས་དང་པོའི་མི་དམངས་ལས་རོགས་ཉེན་རྟོག་པ་སྐོར་གཡེང་གཙོ་གནད་ཁུལ་དང་བདེ་འཇགས་རྙོག་འཛིང་ཆེ་སར་བསྐྱོད་དེ། མང་ཚོགས་ཀྱིས“མཐོང་ཐུབ་པ་དང་། གོ་སླ་བ། ངེས་ཐུབ་པ”སོགས་ཀྱི་བྱེད་ཐབས་ཐོག་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་བས་རང་ངོས་ཀྱི་འགོག་ཟོན་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།