དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཟླ་དང་པོ་ནས་བརྒྱད་པའི་བར་ལྷ་སས་ནོར་སྲིད་མ་དངུལ་ནས་དམངས་འཚོར་སྒོར་དུང་ཕྱུར་209ལྷག་ཙམ་བཏང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-10

    ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་དང་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་ནས་འཚོགས་པའི་ལྷ་ས་གྲོང་ཁྱེར་གྱི་2023ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་གྱི་ནོར་སྲིད་གཏོང་ཡོང་ལག་བསྟར་བྱས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། དུས་ཡུན་རིང་པོའི་ནང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ལྷ་སའི་ནོར་སྲིད་ཀྱིས་དམངས་འཚོ་ལེགས་སུ་ཧུར་ཐག་བཏང་ནས་མི་རྩ་བར་འཛིན་པའི་སྤྱི་པའི་ནོར་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་བརྒྱབ་ཡོད། འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ལྷ་ས་གྲོང་ཁྱེར་གྱིས་ནོར་སྲིད་མ་དངུལ་ནས་དམངས་འཚོར་སྒོར་དུང་ཕྱུར་209.47བཏང་བ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་78.45%ཟིན་ནས་དམངས་འཚོར་འགན་ལེན་ནུས་ལྡན་ཐུབ་སྟེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནོར་ཤུགས་ཀྱི་འགན་ལེན་ནུས་ལྡན་ཐུབ་ཡོད།

    དམངས་འཚོའི་བྱ་བ་དངོས་རེ་རེ་ལས་དམངས་སེམས་ཐོབ་པ་དང་། དམངས་འཚོའི་རྣམ་གྲངས་རེ་རེ་ལས་མི་སེར་ལ་ཕན་པ་ཐོབ་པ། དམངས་ཕན་སྲིད་ཇུས་རེ་རེ་བསྟུད་མར་བཏོན་པ་ལས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།