དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱི་ཤེས་བྱའི་བདག་དབང་འགན་བཅོལ་གྱི་ལས་སྒོ་དང་པོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-10

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཉི་འོད་གཞིས་ཀ་ཞིང་འབྲོག་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིས་མི་དམངས་རྒྱུ་ནོར་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སི་དང་བོད་རང་སྐྱོང་ལྗོངས་ཀྱི་ཚོང་རྟགས་དབང་གནོད་གྱོང་གུན་ཁ་གསབ་འགན་བཅོལ་དང་པོར་མིང་རྟགས་བཀོད་པ་རེད། འགན་བཅོལ་དེས་མཐོ་ཤོས་ལ་སྒོར་ཁྲི་30སྤྲོད་ཀྱི་ཡོད་ཅིང་། ཁེ་ལས་ཀྱི་ཚོང་རྟགས་དབང་ཆར་བཙན་གནོད་ཕོག་ཚེ་ཚོང་རྟགས་བདག་མཁན་གྱི་ཁེ་དབང་སྲུང་སྐྱོང་བྱེད་རིང་བྱུང་བའི་བརྟག་དཔྱད་གྲོན་དངུལ་དང་། བཅའ་ཁྲིམས་འགྲོ་གྲོན། དེ་བཞིན་དེ་ལས་བྱུང་བའི་དཔལ་འབྱོར་གྱི་གྱོང་གུན་ཚང་མ་འགན་བཅོལ་ཀུང་སིས་འགན་འཁུར་གྱི་ཡོད་པས་ཁེ་ལས་ཀྱིས་ཚོང་རྟགས་སྲུང་སྐྱོང་བྱེད་པའི་རྒྱབ་རྟེན་བརྟན་པོ་ཞིག་ཏུ་གྱུར་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཤེས་བྱའི་བདག་དབང་འགན་བཅོལ་ནི་རང་རྒྱལ་གྱི་ཤེས་བྱའི་བདག་དབང་དངུལ་རྩའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཁེ་ལས་ཀྱི་ཤེས་བྱའི་བདག་དབང་གི་ཉེན་ཁ་སེལ་ཆེད་ཐབས་ལམ་ནུས་ལྡན་མཁོ་འདོན་བྱས་ནས་གསར་གཏོད་བྱེད་པོ་དང་གཉེར་སྐྱོང་བྱེད་པོས་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་པའི་དགོས་མཁོར་ཞབས་འདེགས་ཞུ་བ་དང་། ཤེས་བྱའི་བདག་དབང་འཁོར་སྐྱོད་ཀྱི་ཉེན་ཁ་འགོག་ཟོན་དང་འགན་འཁུར་བ། ཤེས་བྱའི་བདག་དབང་གཉེར་སྐྱོང་ཞབས་ཞུའི་མ་ལག་བསྐྲུན་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།