དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཕྱོགས་ཡོངས་ནས་ཏན་ཏིག་ངང་སྤེལ་བཞིན་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-10

    གསར་འགོད་པར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཕྱོགས་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུ་འཚོགས་རྗེས། རང་ལྗོངས་ཀྱི་ས་ཁུལ་ཁག་དང་འབྲེལ་ཡོད་ཚན་པས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”གི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཕྱོགས་ཡོངས་ནས་ཏན་ཏིག་ངང་སྤེལ་བཞིན་ཡོད་པ་རེད། མིག་སྔར། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7དང་། རྫོང(ཆུས་དང་གྲོང་ཁྱེར)74 རྫོང་དང་ཁྲུའུ་རིམ་པ་ཡན་གྱི་སློབ་སྦྱོང་ལ་ཞུགས་མཁན་ཚན་པ་གཞན་དག་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་གསར་གཉིས་ལས་དོན་ཨུ་ལྷན་བཅས་ཚང་མས་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཁག་གིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཀྲི་པུའི་སློབ་སྦྱོང་ཚོགས་འདུ་སོགས་ཀྱི་རྣམ་པའི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོ་བཀོད་སྒྲིག་བྱས་པ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་དང་འབྲེལ་བའི་ཚན་པ་དང་མི་སྣའི་ཁྱབ་རྒྱ་ཆེ་བ་དང་། རིགས་སྣ་མང་བ། གྲངས་འབོར་མང་བ། ལས་འགན་ལྕི་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་འགོ་འཛུགས་རྒྱུ་ནི་འགག་རྩ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས་དང་གྲོང་ཁྱེར) ཤང་དང་གྲོང་རྡལ(ཁྲོམ་གཞུང)བཅས་ཁག་གི་ཏང་ཨུད་དང་གསར་གཉིས་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་གཙོ་རྐང་ལ་དམིགས་པ་དང་། དམིགས་ཚད་ལས་འགན་ལ་དམིགས་པ། གཞི་རིམ་གྱི་དོན་དངོས་ལ་གཞི་ཚུགས་པ། བཀོད་སྒྲིག་ཧུར་ཐག་དང་སྐུལ་འདེད་ནུས་ལྡན་བཅས་བྱས་ཏེ་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱ་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱས་ཡོད།

    དེ་དང་ཆབས་ཅིག རང་སྐྱོང་ལྗོངས་ཀྱིས་མངགས་པའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ཀྱང་དུས་ཐོག་ཏུ་ཚོགས་འདུ་འཚོགས་ནས་བཀོད་སྒྲིག་སློབ་སྦྱོང་བྱེད་པ་དང་། རིགས་གཞུང་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག གོང་འཕེལ་ལ་སྐུལ་འདེད། འཚོལ་བཤེར་བཅོས་སྒྲིག སྒྲིག་སྲོལ་ལམ་ལུགས་འཛུགས་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་གྲུབ་འབྲས་ཏན་ཏིག་ཐོབ་པའི་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།