དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བྲག་ཡིབ་ཆུས་གྲོང་སྡོད(སྡེ་ཁུལ)ལས་དོན་རུ་ཁག་ཁག་གིས།

    ​ ཁ་བསླུས་འགོག་རྒོལ་གྱི་འཇོན་ཐང་ཆེ་རུ་བཏང་ནས་མང་ཚོགས་ལ་གྱོང་གུན་མི་ཕོག་པ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-05

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་གྲོང་སྡོད(སྡེ་ཁུལ)ལས་དོན་རུ་ཁག་ཁག་གིས་ཐབས་མང་མཉམ་སྤྱོད་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་པའི་མང་ཚོགས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་རྒོལ་གྱི་འཇོན་ཐང་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་གྱོང་གུན་མི་ཕོག་པར་བྱས་པ་རེད།

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་པའི་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ཆེ་རུ་ཏན་ཏིག་གཏོང་ཆེད། གྲོང་སྡོད(སྡེ་ཁུལ)ལས་དོན་རུ་ཁག་ཁག་གིས་མི་དམངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་། བཅའ་ཁྲིམས་ལས་དོན་པ། མི་དམངས་འདུམ་འགྲིག་པ། དང་བླངས་པ་སོགས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་འདོམས་བྱས་ཏེ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་པའི་ཆེད་ལས་དཔུང་ཁག་བཙུགས་ནས་ཆ་ལག་ཚང་བའི་དྲིལ་བསྒྲགས་དཔུང་ཁག་ཅིག་གྲུབ་ཡོད་ཅིང་། མིག་སྔའི་བར་སྒྲོག་འགྲེལ་དཔུང་ཁག་སྣ་ཚོགས་82བཙུགས་པར་ལས་དོན་མི་སྣ་849ཡོད་པ་རེད།

    གྲོང་སྡོད(སྡེ་ཁུལ)ལས་དོན་རུ་ཁག་ཁག་གིས་དུད་ཚང་དུ་བཅར་འདྲི་དང་། དྲ་ཐོག་ནས་བརྒྱུད་གཏོང་། གཅིག་སྡུད་དྲིལ་བསྒྲཌ། དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་མང་ཚོགས་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྱད་ཆོས་དང་། མཚོན་སྟངས། རྒྱུན་མཐོང་གི་བྱ་ཐབས་བཅས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་ཆབས་ཅིག དྲ་རྒྱའི་མ་འཇོག་རྒྱུ་ནོར་བདག་གཉེར་དང་། སྤྱི་བདེ་ལས་ཁུངས་ལ་རྫུས་པ། དྲ་ཐོག་ནས་དངུལ་བསྐུར་དུ་འཇུག་པ་སོགས་ཀྱི་གྱོད་དཔེ་དང་ཟུང་འབྲེལ་གྱིས་འགྲེལ་བཤད་བརྒྱབ་ཡོད། ལྷག་པར་དུ་ཉེ་འགྲམ་དུ་ཐོན་པའི་གྱོད་དཔེ་དྲངས་ནས་ཉེ་འགྲམ་གྱི་མིར་སློབ་གསོ་བརྒྱབ་ཅིང་། ཉེ་བའི་ལོ་ཤས་རིང་ཉིང་ཁྲིར་ཐོན་པའི་གྱོད་དཔེ་དངོས་དང་ཟུང་འབྲེལ་བྱས་ཏེ་གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་དྲིལ་བསྒྲགས་བྱས་ལ། རྒྱ་ཆེའི་མང་ཚོགས་ལ་རང་ཉིད་དང་ནང་མིའི་ཆ་འཕྲིན་གང་བྱུང་དུ་མི་ཤོད་པ་དང་། ཆ་རྒྱུས་མེད་པའི་འཕྲིན་ཐུང་དང་སྦྲེལ་མཐུད་གང་བྱུང་དུ་ཁ་མི་ཕྱེ་བ། སྒོ་རྩར་ཅ་ལག་འཚོང་མཁན་ལ་ཡིད་ཆེས་མི་བྱེད་པ། ལག་རྟགས་སྤྲོད་པའི་བྱེད་སྒོའི་ཨང་རྟགས་མི་བཤེར་བ་སོགས་ཀྱི་དྲན་སྐུལ་བྱས་པ་རེད། མིག་སྔའི་བར། ཁྱོན་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་པའི་དྲིལ་བསྒྲགས་ཐེངས་240སྒྲིག་འཛུགས་བྱས་པ་དང་། མང་ཚོགས་ཁྲི་1.67ལ་སློབ་གསོ་ཐེབས་ཡོད་པ་རེད།

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་ཆབས་ཅིག གྲོང་སྡོད(སྡེ་ཁུལ)ལས་དོན་རུ་ཁག་ཁག་གིས་རྒྱལ་ཁབ་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་APPཁྱབ་གདལ་ལ་སྐུལ་འདེད་བཏང་བ་དང་། མང་ཚོགས་ཚོས་ལག་ཐོགས་ཁ་པར་དུ་རྒྱལ་ཁབ་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་APPཀྱི་མཉེན་ཆས་ཕབ་ལེན་དང་སྒྲིག་སྦྱོར་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཁ་པར་ཐོག་ནས་ཉེན་བརྡ་གཏོང་བ་དང་། འཕྲིན་ཐུང་བསྐུར་ནས་ཉེན་བརྡ་གཏོང་བ། APPནས་ཉེན་བརྡ་གཏོང་བ་སོགས་བྱས་པ་མ་ཟད། གྱོད་གཞི་སྙན་སེང་ཞུ་བ་དང་། ཐོབ་ཐང་ཞིབ་དཔྱད་དང་ཉེན་ཁ་འདྲི་རྩད་སོགས་སྤྱོད་སྟངས་བསླབ་པ་དང་། རྒྱལ་ཁབ་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་APPནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་དཔེ་དང་། དེ་བཞིན་འགོག་ཟོན་དང་ཁ་གཏད་འཇལ་ཐབས་ཀྱི་ཤེས་བྱ་སྦྱོང་རྒྱུར་ཁྲིད་སྟོན་བྱས་ནས་མང་ཚོགས་ཀྱི་ཁ་བསླུས་འགོག་པའི་འདུ་ཤེས་དང་ནུས་པ་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་བརྟན་པོར་བསྲུངས་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།