དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཏང་འཛུགས་སྐྱོང་དང་མཐའ་མཚམས་སྟོབས་ཆེར་གཏོང་བ་ཟུང་འབྲེལ་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    འདི་ནི་སྐྱིད་རོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ནད་ཡམས་བརྟག་དཔྱད་ས་ཚིགས་ཀྱིས་ཏང་ཡོན་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་སྐྱིད་རོང་རྫོང་ཏང་གཤིས་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཁག་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས་ཏང་འཛུགས་སྐྱོང་དང་མཐའ་མཚམས་སྟོབས་ཆེར་གཏོང་བ་ཟུང་འབྲེལ་གྱི་སྤྱི་ཁྱབ་ས་ཚིགས་ཏང་ཨུད་ཀྱི་རྩེ་རིམ་ཇུས་འགོད་དང་། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”དམིགས་ཚད་ཀྱི་ལས་འགན་ལ་དམིགས་ཏེ། “འཐབ་ས་སྐྲུན་པ་དང་། འཇོན་ཐང་ཆེར་གཏོང་། འཕེལ་རྒྱས་ལ་སྐུལ་འདེད། མཐའ་མཚམས་བརྟན་གཏོང་། མི་སེམས་ལ་ཟུག་པ་བཅས”ཀྱི་ཏང་འཛུགས་སྐྱོང་གི་ལས་ཀའི་བསམ་ཕྱོགས་ལ་དམིགས་ཏེ་ཁོངས་གཏོགས་ཁུལ་དུ་མང་ཚོགས་བདེ་སྡོད་ལས་བརྩོན་དང་བྱ་གཞག་དར་རྒྱས་ཡོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་སྔར་བས་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།